ཡེ་ཤེས་ཀྱིས་བསྒྱུར། 2018-07-26
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་མར་ཞའོ་ཝེས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་མི་འབོར་དབུལ་པོའི་སྨན་བཅོས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱས་ཏེ་མི་འབོར་དབུལ་པོར་སྨན་བསྟེན་ཐུབ་པའི་ཆ་རྐྱེན་བསྐྲུན་ཡོད། མིག་སྔར་རྒྱལ་ཡོངས་སུ་ནད་ཕོག་ནས་དབུལ་པོ་གྱུར་པའི་མི་གྲངས་ཁྲི581དབུལ་ཐར་བྱུང་ཡོད་པ་རེད།
མི་འབོར་དབུལ་པོར་གཟིགས་སྐྱོང་ཅན་གྱི་སྨན་བཅོས་འགན་ལེན་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཞིང་སྡེའི་རྣམ་པ་གསར་པའི་མཉམ་ལས་སྨན་བཅོས་འགན་སྲུང་གི་ནད་ཆེན་པོའི་འགན་བཅོལ་རྩིས་ཞུའི་ཚད་གཞི་སྔར་ལས་བརྒྱ་ཆ50ཆག་པ་དང་། སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་རྩིས་ཞུ་བསྡུར་ཚད་བརྒྱ་ཆ5ཡན་ཆད་མཐོ་རུ་བཏང་ཡོད་པ་རེད། ད་དུང་རྫོང་ཁོངས་ནང་གི་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་དུས་སྔོན་ལ་སྨན་བཅོས་དང་རྗེས་སུ་སྨན་རིན་སྤྲོད་པའི་སྨན་བཅོས་ཞབས་ཞུ “གཅིག་འཐུས་རྣམ་པའི”འཕྲལ་དུ་རྩིས་རྒྱག་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་ཡོད། མི་འབོར་དབུལ་པོར་དམིགས་བསལ་ཅན་གྱི་སྨན་བཅོས་འགན་ལེན་གྱི་བྱེད་ཐབས་སྤྱད་ཡོད། 2017ལོར་རྒྱལ་ཡོངས་ཀྱི་མི་འབོར་དབུལ་པོའི་སྨན་བཅོས་འགྲོ་གྲོན་དེ་མི་སྒེར་གྱིས་རྩིས་རྒྱག་པའི་བསྡུར་ཚད་ཆ་སྙོམས་བརྒྱ་ཆ16ཡིན་པ་དེ 2016ལོ་ལས་བརྒྱ་ཆ27མར་ཆག་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ནད་ཚབས་ཆེན་ཕོག་པའི་ནད་པར་དམིགས་ནས་རང་རྒྱལ་གྱིས་བྱིས་པའི་ལྷན་སྐྱེས་སྙིང་ནད་དང་བྱིས་པའི་ཁྲག་རིལ་དཀར་པོའི་འབྲས་སྐྲན་སོགས་ནད་རིགས་ཆེན་པོ་དགུ་དེ་ཐོག་མར་སྲོག་སྐྱོབ་སྨན་བཅོས་བྱ་རྒྱུའི་ནད་རིགས་སུ་བཞག་ནས་སྨན་བཅོས་བྱས་ཡོད། མིག་སྔར་མི་ཁྲི18.9ལ་སྲོག་སྐྱོབ་སྨན་བཅོས་བྱས་ཡོད་པ་རེད། གཅོང་ནད་ཀྱི་ནད་པར་དམིགས་ཏེ་དམིགས་སུ་བཀར་ནས་ཁྱིམ་ཚང་དུ་སོང་ནས་སྨན་བཅོས་ཞབས་ཕྱི་བསྒྲུབ་རྒྱུའི་གན་རྒྱ་ཡི་གེ་བཞག་པ་དང་། ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་འགྱུར་གྱི་ནད་སོགས་གཅོང་ནད་གཙོ་བོར་ཚད་ལྡན་གྱི་དོ་དམ་དང་བདེ་ཐང་གི་ཞབས་ཕྱི་བསྒྲུབས་ཡོད་པ་རེད། ནད་ཚབས་ཆེན་གྱི་ནད་པར་དམིགས་ནས་སྲིད་གཞུང་གིས་མ་མཐའི་འགན་སྲུང་བྱ་རྒྱུའི་བྱེད་ཐབས་དོན་འཁྱོལ་བྱས་པ་རེད། 2017ལོའི་ལོ་མཇུག་ཏུ་སླེབས་དུས་རིམ་རྩིས་བྱས་པར་ལྟ་ན་སྨན་བཅོས་བྱ་དགོས་པའི་མི་འབོར་དབུལ་པོ་ཁྲི849ནང་མི་འབོར་ཁྲི804ནི་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པ་དང་། ཡང་ན་གན་རྒྱ་བཞག་ནས་སྨན་བཅོས་ཞབས་ཕྱི་བསྒྲུབས་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10