ཡེ་ཤེས་ཀྱིས་བསྒྱུར། 2018-06-27
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ཀྲུང་གོ་མི་འབོར་ཕན་བདེ་ཐེབས་རྩ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 1995ལོར་ཐེབས་རྩ་ལྷན་ཚོགས་བཙུགས་པ་ནས་བཟུང། ཨ་མ་དབུལ་པོར་རོགས་སྐྱོར་བྱེད་པའི་སྤྱི་ཕན་ལས་གཞི་སྟེ་ཨ་མ་དབུལ་པོར་རོགས་སྐྱོར་བྱེད་པའི་བྱ་སྤྱོད་སྤེལ་ནས2017ལོའི་ལོ་མཇུག་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན29ལ་ཁྱབ་པ་དང་ཨ་མ་དབུལ་པོ་མི་ཁྲི33.2ལ་རོགས་སྐྱོར་ཐོབ་ཡོད་པ་རེད།
2017ལོའི་ལོ་མཇུག་བར་བདེ་སྐྱིད་ཀྱི་ལས་གྲྭས་རྒྱལ་ཡོངས་ཀྱི་ཞིང་ཆེན29ཡི་རྫོང825ལ་དོན་འཁྱོལ་བྱས་ཡོད་ཅིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར16.6བཏང་ནས་ཨ་མ་དབུལ་པོ་མི་ཁྲི33.2ལ་རོགས་སྐྱོར་བྱས་ཡོད་པ་དང་། ཕན་པ་ཐོབ་པའི་མི་གྲངས་ཁྲི142.7ཡོད་པ་དང་། དབུལ་ཐར་བྱུང་ཚད་བརྒྱ་ཆ85ཡན་ཆད་ཡིན་པ་དང་། དངུལ་བུན་སྐྱིན་ཚབ་འཇལ་ཚད་བརྒྱ་ཆ90ཡན་ཆད་ལ་ཟིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10