མི་དམངས་ཉིན་རེའི་ཚགས་པར། 2018-05-24
ཟླ5ཚེས21ཉིན་གྱི་ཆུ་ཚོད5དང་སྐར་མ28ཙམ་ལ་རང་རྒྱལ་གྱི་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་རྒྱང་སྐྱོད་རྟགས་ཅན་ཨང་བཞི་པ་ག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པའི་ལས་འགན“ཆོད་ཆའོ”རྟགས་ཅན་བར་སྦྲེལ་སྲུང་སྐར་བར་སྣང་དུ་བདེ་བླག་ངང་འཕེན་གཏོང་བྱས་པ།
གསར་འགོད་པས་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་དང་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱས་པར། ཟླ5ཚེས21ཉིན་གྱི་ཆུ་ཚོད5དང་སྐར་མ28ཙམ་ལ་རང་རྒྱལ་གྱི་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་རྒྱང་སྐྱོད་རྟགས་ཅན་ཨང་བཞི་པ་ག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པའི་ལས་འགན་ཆོད་ཆའོ་རྟགས་ཅན་བར་སྦྲེལ་སྲུང་སྐར་བར་སྣང་དུ་བདེ་བླག་ངང་འཕེན་གཏོང་ཐུབ་ཡོད། ཆོད་ཆའོ་རྟགས་ཅན་བར་སྦྲེལ་སྲུང་སྐར་ནི་འཛམ་གླིང་ཐོག་ས་གོ་ལ་དང་ཟླ་བའི་གོ་ལའི་ལཱ་ཀེ་ལང་རིL2བར་མཚམས་སུ་འཁོར་རྒྱུག་བྱེད་པའི་འཕྲིན་གཏོང་སྲུང་སྐར་དང་པོ་དེ་ཡིན་པས་ལོ་མཇུག་ཏུ་བབ་བསྟུན་ངང་ལག་བསྟར་བྱ་རྒྱུ་ཡིན་པའི་ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པའི་ཟླ་དཔྱད་ལས་འགན་ལ་ས་གོ་ལ་དང་ཟླ་བའི་དབར་བར་སྦྲེལ་འཕྲིན་གཏོང་བྱེད་ཐུབ་རྒྱུ་རེད།
རྒྱང་སྐྱོད་རྟགས་ཅན་ཨང་བཞི་པ་ག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྐར་མ25འཕུར་རྗེས་སྲུང་སྐར་དང་མེ་ཤུགས་འཕུར་མདའ་ཁ་བྲལ་ནས་ཆོད་ཆའོ་རྟགས་ཅན་བར་སྦྲེལ་སྲུང་སྐར་ས་ངོས་ནས་མཐོ་ཚད་སྤྱི་ལེ200ཙམ་སར་ཐད་ཀར་འཕེན་པ་དང་། ས་ངོས་ནས་མཐོ་ཚད་སྤྱི་ལེ་ཁྲི40ཡི་སྔོན་གཏན་འཁེལ་བའི་ས་གོ་ལ་ནས་ཟླ་བའི་བར་བསྐྱོད་པའི་འཁོར་ལམ་ཐོག་སྲུང་སྐར་གྱི་ཉི་འོད་ཤོག་ཟུང་དང་བར་སྦྲེལ་འཕྲིན་གཏོང་གི་གནམ་སྐུད་བདེ་བླག་ངང་ཁ་ཕྱེ་ཐུབ་ཡོད། ཕྱིས་སུ་ཆོད་ཆའོ་རྟགས་ཅན་བར་སྦྲེལ་སྲུང་སྐར་ལམ་བར་དུ་ཡོ་བསྲང་བྱེད་པ་དང་། ཟླ་སྦྱར་ཁ་བཀག ཟླ་བའི་འདྲེན་ཤུགས་སྤྱོད་པ་བཅས་བྱ་རྒྱུ་དང་ཆབས་ཅིག L2བར་མཚམས་སུ་བསྐྱོད་ཐུབ་པ་དང་འཁོར་ལམ་ཡོ་བསྲང་བྱས་རྗེས་མཐར་ས་གོ་ལ་དང་ཟླ་བའི་གོ་ལའི་དབར་གྱིL2བར་མཚམས་སུ་སྐོར་བའི་དམིགས་ཡུལ་འགྲུབ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10