སི་ཁྲོན་མཛོད་དགེ་རུ་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་འཛུགས་གཉེར་བྱས།

༼ཨོ་རྒྱན་གྱིས་བསྒྱུར༽        2018-05-24

སི་ཁྲོན་མཛོད་དགེ་རུ་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་འཛུགས་གཉེར་བྱས།

ཉེ་ཆར། རྔ་བ་ཁུལ་མཛོད་དགེ་རྫོང་ཁ་བཏགས་དཀར་པོའི་སྒྱུ་རྩལ་ལྟེ་གནས་སུ  2018 ལོའི་མཛོད་དགེ་མཐོ་སྒང་བརླན་སའི་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་གྱི་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་ནི༼སི་ཁྲོན་གྱི་མཛེས་སྡུག་མཐོང་ཞིང་ཁྲུང་ཁྲུང་གི་གར་སྟབས་མཐོ་སྒང་དུ་བསྒྱུར༽ཞེས་པ་བརྗོད་གཞིར་བྱས་ནས། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་མི་དམངས་སྲིད་གཞུང་དང་སི་ཁྲོན་དཔེ་སྐྲུན་ཚོགས་པ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ(IUCN)བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་མཛོད་དགེ་རྫོང་དུ་འཛུགས་གཉེར་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་རུ་བརླན་ས་དང་ནགས་ཚལ་གཉིས་ཀྱི་འགྲན་བསྡུར་བཀོད་སྒྲིག་བྱས་ཤིང་། བརླན་ས་ནས་རྩྭ་ཐང་། ནགས་ཚལ་ནས་གྲོག་རོང་། མཛོད་དགེ་སྐྱེ་དངོས་ཐོན་ཁུངས་སྣ་མང་རང་བཞིན་བཅས་མངོན་གསལ་དུ་མཚོན་ཡོད་པར་མ་ཟད། ཕུན་སུམ་ཚོགས་པའི་བྱ་རིགས་ཐོན་ཁུངས་ཀྱང་གསལ་པོར་མཚོན་ཡོད་ལ། སྐྱེ་ཁམས་ཡུལ་སྐོར་གྱི་ཁྱད་ཆོས་དང་རྣམ་པ་ལེགས་པར་མངོན་པས། པེ་ཅིང་དང་ཧྲང་ཧེ། ཁྲུང་ཆིང་སོགས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས། མེ་གླིང་ལྷོ་མའི་རྒྱལ་ཁབ་བཅས་ཀྱི་ཆེད་ལས་བྱ་གཟིགས་ལ་སྤྲོ་བ་ཡོད་པ་བཅས་ཐེངས་འདིའི་བྱེད་སྒོ་རུ་ཞུགས་ཤིང་། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག21ཡོད་པ་རེད། ཉིན་གཉིས་ཀྱི་རིང་གི་བྱ་གཟིགས་འགྲན་བསྡུར་གྱི་རྩོད་ལེན་དང་བརྙན་ལེན་འགྲན་བསྡུར་གྱི་དཔྱད་བསྡུར་བྱས་པར་བརྒྱུད། པེ་ཅིན་སློབ་ཆེན་གྱི་ལོ་རབས90པའི་རྗེས་སུ་སྐྱེས་པའི་རུ་ཁག་དང་པོ་ལ་ཨང་དང་པོའི་བྱ་དགའ་ཐོབ་ཡོད་།  འགྲན་བསྡུར་ཁྲོད་དུ་བྱ་རིགས117ལ་ལྟ་ཞིབ་ཚོད་དཔག་བྱས་ཡོད་པ་རེད།

༼རྩོམ་སྒྲིག་པ། མགར་རྒྱལ་སྲས།༽

སི་ཁྲོན་མཛོད་དགེ་རུ་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་འཛུགས་གཉེར་བྱས།

  • ལེ་ཚན་སྔོན་མ།:ཁམས་ཁོར་ཡུག་ཡག་པོ་ནི་ཀུན་ཕན་གྱི་དམངས་འཚོ་ཡིན།
  • ལེ་ཚན་རྗེས་མ།:ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པའི་ལས་འགན་བར་སྦྲེལ་སྲུང་སྐར་བདེ་བླག་ངང་འཕེན་གཏོང་ཐུབ་པ།
  • དོ་སྣང་ཆེ་བའི་རྩོམ།