2018-05-28
ནོར་སྲིད་པུའུ་ཡིས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མཚོན་དོན། སྤྱི་ཟླ་བཞི་པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར18473ལ་ཟིན་ནས་དུས་མཚུངས་ལས་བརྒྱ་ཆ11འཕར་ཡོད། ཟླ་དང་པོ་ནས་བཞི་པའི་བར་རིམ་རྩིས་བྱས་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར69019ཟིན་ནས་དུས་མཚུངས་ལས་བརྒྱ་ཆ12.9འཕར་ཡོད། དེའི་ནང་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར33230ཟིན་ནས་དུས་མཚུངས་ལས་བརྒྱ་ཆ17.1འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་རིམ་པ་དེ་གའི་ཡོང་འབབ་སྒོར35789ལ་ཟིན་ནས་དུས་མཚུངས་ལས་བརྒྱ་ཆ9.2འཕར་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར60898ལ་ཟིན་ནས་དུས་མཚུངས་ལས་བརྒྱ་ཆ16.5འཕར་བ་དང་ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར8121ཟིན་ནས་དུས་མཚུངས་ལས་བརྒྱ་ཆ8.8ཆག་ཡོད་པ་རེད།
ཟླ་བ་དང་པོ་ནས་བཞི་པའི་བར་རིམ་རྩིས་བྱས་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར65693ལ་ཟིན་ནས་དུས་མཚུངས་ལས་བརྒྱ་ཆ10.3འཕར་ཡོད། གཏོང་སྒོ་གཙོ་བོ་གཏོང་ཡུལ་ཁྱབ་ཁོངས་གཤམ་གསལ་ཏེ། སློབ་གསོའི་ཐད་སྒོར་དུང་ཕྱུར9565བཏང་ནས་དུས་མཚུངས་ལས་བརྒྱ་ཆ7.1འཕར་བ་དང་། ཚན་རིག་ལག་རྩལ་ལ་སྒོར་དུང་ཕྱུར1811བཏང་ནས་དུས་མཚུངས་ལས་བརྒྱ་ཆ11.8འཕར་བ། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་ལ་སྒོར་དུང་ཕྱུར790བཏང་ནས་དུས་མཚུངས་ལས་བརྒྱ་ཆ12.5འཕར་བ། སྤྱི་ཚོགས་འགན་བཅོལ་དང་ལས་ཞུགས་ལ་སྒོར་དུང་ཕྱུར11007བཏང་ནས་དུས་མཚུངས་ལས་བརྒྱ་ཆ10.9འཕར་བ། ཞིང་ནགས་ཆུ་བཅས་ལ་སྒོར་དུང་ཕྱུར་བརྒྱ་ཆ4933བཏང་ནས་དུས་མཚུངས་ལས20.4འཕར་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10