བོད་ལྗོངས་ལྷ་སའི་མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་གྲོས་ཚོགས་སྐབས་དང་པོ་འཚོག་རྒྱུ་ཡིན་པ།

ཨོ་རྒྱན་གྱིས་བསྒྱུར།        2018-05-11

བོད་ལྗོངས་ལྷ་སའི་མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་གྲོས་ཚོགས་སྐབས་དང་པོ་འཚོག་རྒྱུ་ཡིན་པ།
བོད་ལྗོངས་ལྷ་སའི་མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་གྲོས་ཚོགས་སྐབས་དང་པོ་འཚོག་རྒྱུ་ཡིན་པ།

བོད་ཀྱི་ལོ་རྒྱུས་རིག་གནས་སྔོག་འདོན་དང་ཞིབ་འཇུག་གཏིང་ཟབ་པོར་ཡོང་བ་དང་། ཞང་ཞུང་རིག་གནས་ལ་སྲུང་སྐྱོང་དང་ཞིབ་འཇུག  བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་ཡོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས༼བོད་ལྗོངས་ལྷ་སའི་ཞང་ཞུང་རིག་གནས་རྒྱལ་ནང་རིག་གཞུང་ཞིབ་འཇུག་གྲོས་ཚོགས༽སྐབས་དང་པོ་དང་གཉིས་པ་འཚོགས་ཡོད་པ་དང་། ད་ཐེངས་སྔོན་ཆད་ཀྱི་གྲོས་ཚོགས་གཉིས་ཀྱི་རྨང་གཞིའི་སྟེང་དུ༼ བོད་ལྗོངས་ལྷ་སའི་མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་སྐབས་དང་པོ༽ཞེས་པ་འཚོག་རྒྱུའི་འཆར་གཞི་བཞག་སྟེ།  སྤྱི་ཟླ་དྲུག་པའི་ཟླ་དཀྱིལ་དུ་ལྷ་ས་ནས་འཚོག་རྒྱུ་གཏན་ཁེལ་བྱས་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་འདི་ནི་ཞང་ཞུང་རིག་གནས་བརྗོད་བྱར་བཟུང་ནས། ཞང་ཞུང་རིག་གནས་དང་མཚོ་བོད་མཐོ་སྒང་གི་རི་ཆུ་རིག་གནས། ཞང་ཞུང་རིག་གནས་དང་ཨེ་ཤ་ཡ་ལྷོ་མའི་རྒྱུ་ལམ། ཞང་ཞུང་རིག་གནས་དང་བོད་ཀྱི་གསོ་བ་རིག་པ། ཞང་ཞུང་རིག་གནས་དང་གཟུགས་མེད་རིག་གནས་ཤུལ་བཞག  ཞང་ཞུང་རྒྱལ་རབས་དུས་སྐབས་སུ་ལྷ་ས་དང་མངའ་རིས་བར་གྱི་དཔལ་འབྱོར་དང་རིག་གནས་བརྗེ་རེས་སོགས་ཞང་ཞུང་རིག་གནས་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་གྲུབ་འབྲས་བརྗོད་གཞིར་བྱས་ནས་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་འདི་འཚོག་རྒྱུ་ཡིན་པ་རེད།

༼རྩོམ་སྒྲིག་པ། མགར་རྒྱལ་སྲས། ༽

བོད་ལྗོངས་ལྷ་སའི་མངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་གྲོས་ཚོགས་སྐབས་དང་པོ་འཚོག་རྒྱུ་ཡིན་པ།

  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་བསྟུད་མར་ལོ་བདུན་ལ་འཛམ་གླིང་གི་ཨང་དང་པོར་སླེབས།
  • ལེ་ཚན་རྗེས་མ།:གློག་བརྙན《སྦྲ་གུར་ནག་པོའི་གཏམ་རྒྱུད》ལ་སྐབས་ བཅོ་ལྔ་པའི་འཛམ་གླིང་མི་རིགས་གློག་བརྙན་ དུས་ཆེན་གྱི་མིང་འདོན་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།