2018-05-10
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། 2017ལོའི་ཀྲུང་གོའི་ཤེས་བྱའི་བདག་དབང་འཕེལ་རྒྱས་འགྲོ་ལུགས་ངོ་སྤྲོད་བྱས་པ་དང་ཆབས་ཅིག འབྲེལ་ཡོད་འགོ་ཁྲིད་ཀྱིས་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེན་ཁྲང་ཡུས་ཀྱིས2017ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤེས་བྱའི་བདག་དབང་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། སྡེ་ཚན་ཁག་དང་ས་གནས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཤེས་བྱའི་བདག་དབང་གི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་གཏོང་ཤུགས་ཆེ་རུ་བཏང་ཡོད། ལོ་ཧྲིལ་པོར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ཁྲི138.2ལ་ཟིན་པས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ14.2འཕར་ནས་བསྟུད་མར་ལོ་བདུན་ལ་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། PCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་ཞུ་བདག་སྤྲོད་བྱེད་ཚད་ཁྲི5.1ལ་ཟིན་པས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ12.5འཕར་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད། མི་གྲངས་ཁྲི་རེར་གསར་གཏོད་བྱས་རིགས་ཀྱི་ཁེ་བེད་བདག་ཐོབ་དབང་ཚད9.8ལ་ཟིན་ཡོད། ཚོང་རྟགས་ཐོ་འགོད་ཀྱི་རེ་ཞུ་བདག་སྤྲོད་བྱེད་ཚད་ཁྲི574.8ལ་ཟིན་པས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ55.72འཕར་ནས་བསྟུད་མར་ལོ་བཅུ་དྲུག་ལ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། རིམ་རྩིས་བྱས་ན་གོ་ཆོད་ནུས་ལྡན་གྱི་ཚོང་རྟགས་ཁྲི1492ཐོ་འགོད་བྱས་ཡོད། རང་རྒྱལ་གྱི་རེ་ཞུ་བས་མ་ཏེ་ལི་ཚོང་རྟགས་རྒྱལ་སྤྱིར་ཐོ་འགོད་ཞུ་ཡིག4810ཕུལ་བ་དེ་འཛམ་གླིང་གི་ཨང་གསུམ་པར་སླེབས་ཡོད། བརྩམས་ཆོས་དང་རྩིས་འཁོར་མཉེན་ཆས་བརྩམས་དབང་ཐོ་འགོད་བྱེད་གྲངས་ཁྲི200.2དང་ཁྲི74.54ལ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ25.15དང་བརྒྱ་ཆ82.79འཕར་ཡོད་ཅེས་བཤད་པ་རེད།
རང་རྒྱལ་གྱི་ཤེས་བྱའི་བདག་དབང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཛུགས་སྐྱོང་སྐུལ་འདེད་བརྟན་པོར་བཏང་ཞིང་། 《ཚུལ་མིན་འགྲན་རྩོད་འགོག་ཁྲིམས》རྒྱལ་ཡོངས་དམངས་ཆེན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་བ་དང་དེ་བཞིན《ཁེ་བེད་བདག་ཐོབ་བཅའ་ཁྲིམས》དང་། 《ཁེ་བེད་བདག་ཐོབ་ཀྱི་འགན་ཚབ་སྲོལ་ཡིག》 《མིའི་རིགས་ཀྱི་རྒྱུན་འཛིན་ཐོན་ཁུངས་དོ་དམ་སྲོལ་ཡིག》བཅས་བཟོ་བཅོས་དང་གཏན་འཁེལ་གྱི་ལས་དོན་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཕྱིན་ཡོད། 《བརྩམས་དབང་བཅའ་ཁྲིམས》དང་། 《ཨོ་ལིམ་ཕིག་གི་མཚོན་རྟགས་སྲུང་སྐྱོང་སྲོལ་ཡིག》དང་། 《རྒྱལ་སྲུང་ཁེ་བེད་བདག་ཐོབ་སྲོལ་ཡིག》 《རྩི་ཤིང་རིགས་གསར་སྲུང་སྐྱོང་སྲོལ་ཡིག》 《སྐྱེ་དངོས་རྒྱུན་འཛིན་ཐོན་ཁུངས་ཐོབ་ལེན་དང་ཕན་པ་ལོངས་སྤྱོད་དོ་དམ་སྲོལ་ཡིག》བཅས་བཟོ་འགོད་དང་བཟོ་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10