2018-05-10
ལོ་འདི་ཁ་ཤས་རིང་ལ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་དབུལ་ཐར་འགག་སྒྲོལ་སྐོར་གྱི་གོང་རིམ་འབྲེལ་ཡོད་སྡེ་ཚན་གྱི་བཀོད་སྒྲིག་གཞིར་བཟུང་། ཐུན་མོང་མིན་པའི་ཁྱད་ཆོས་ཀྱི་ཁྱབ་་ཁོངས་དང་ཐོན་ཁུངས་ཀྱི་ལེགས་ཆར་རྟེན་གཞི་བཙུགས་ནས“འོད་ཤུགས་དང་སྐྱེ་ཁམས་སྒྲིག་བཀོད་ཞིང་ལས”དང་ཟུང་འབྲེལ་བྱས་ཏེ་ཐོན་ལས་དབུལ་སྐྱོར་དཔེ་སྟོན་ཁུལ་གྱི་ལས་གཞི་འཆར་འགོད་བྱས་ནས་འཛུགས་སྐྲུན་བྱས་པ་རེད། མིག་སྔའི་བར། གླིང་ཁུལ་དུ་འོད་ཤུགས་ཁེ་ལས20ལྷག་ཙམ་ནང་འདྲེན་བྱས་ཏེ་གན་རྒྱ་བཞག་ཡོད་པ་དང་ཆབས་ཅིག གླིང་ཁུལ་གྱིས་ལྕགས་འདམ་ཤང་མི་དམངས་སྲིད་གཞུང་དུ་ཆེད་མངགས་ངལ་རྩོལ་མི་ལག་ཕྱིར་གཏོང་སྤྱི་གཉེར་ཁང་བཙུགས་ནས་ཐོན་ལས་གླིང་ཁུལ་གྱི་ཁེ་ལས་འཛུགས་སྐྲུན་གྱི་ལས་མིའི་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10