རང་རྒྱལ་གྱིས་ཞིབ་འཇུག་བྱས་ཏེ་བཟོས་པའི་བོད་རྒྱ་དྲ་ཐོག་ཡིག་སྒྱུར་མ་ལག་དེ་ད་ལོ་ཐོན་རྒྱུ་རེད།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2015-03-20

 རང་རྒྱལ་གྱིས་ཞིབ་འཇུག་བྱས་ཏེ་བཟོས་པའི་བོད་རྒྱ་དྲ་ཐོག་ཡིག་སྒྱུར་མ་ལག་དེ་ད་ལོ་ཐོན་རྒྱུ་རེད།

ཉི་འོད་བོད་རྒྱ་ཡིག་སྒྱུར་མ་ལག་གི་འཆར་ངོས།  
             མི་འགྱངས་བར་བོད་རྒྱ་ཡིག་སྒྱུར་གྱི་མཉེན་ཆས་མེད་པའི་གནད་དོན་ཐག་གཅོད་རྒྱུ་རེད། བོད་ལྗོངས་སློབ་ཆེན་དེང་རབས་སློབ་གསོ་ལག་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་ཉི་མ་བཀྲ་ཤིས་ལགས་ཀྱིས། ང་རང་ཚོའི་ཉི་འོད་བོད་རྒྱ་འཕྲུལ་འཁོར་ཡིག་སྒྱུར་མ་ལག་ད་ལོར་དྲ་དམངས་དང་མཇལ་ཡོང་གི་རེད། དུས་དེར་ཡིག་སྒྱུར་བྱེད་མཁན་དྲ་གྲོགས་ལ་ཧ་ཅང་སྟབས་བདེ་བཟོས་ཡོད་ཅེས་བཤད།

 རང་རྒྱལ་གྱིས་ཞིབ་འཇུག་བྱས་ཏེ་བཟོས་པའི་བོད་རྒྱ་དྲ་ཐོག་ཡིག་སྒྱུར་མ་ལག་དེ་ད་ལོ་ཐོན་རྒྱུ་རེད།

            བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ངོ་སྤྲོད་གནང་དོན། 2012ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚན་ཞིབ་ལས་གཞི་གནད་ཆེན་《ཚིག་ཐུང་གཞིར་བྱས་པའི་བོད་རྒྱ་སྡོམ་རྩིས་འཕྲུལ་འཁོར་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག》གི་མཚོན་བྱེད་རང་བཞིན་ཡོད་པའི་ཞིབ་འཇུག་འབྲས་བུ་ནི། 《ཉི་འོད་བོད་རྒྱ་འཕྲུལ་འཁོར་ཡིག་སྒྱུར་མ་ལག》དངོས་སུ་སྤྱོད་ཐུབ་པ་དེ་ཡིན་ལ།  ལས་གཞི་འདིའི་ནང་དུ་བོད་ཡིག་གི་ཐ་སྙད་རང་དབྱེ་དང་དེའི་ངོ་བོ་མཆན་འགོད། བོད་སྐད་ཀྱི་སྐད་མཛོད། ཚིག་ཐུང་གཞིར་བྱས་པའི་བོད་རྒྱ་སྡོམ་རྩིས་འཕྲུལ་ཆས་ཡིག་སྒྱུར་སོགས་ཁྱབ་ཁོངས་མི་འདྲ་བར་ཟབ་འཇུག་བྱས་ཡོད་ཅིང་། འདིར་ལོ་ངོ་3གྱི་དུས་ཚོད་སྤྱད་འདུག །
 

  • ལེ་ཚན་སྔོན་མ།:“བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ལ་དཔེ་དེབ་གསར་བ་བྱུང་བ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།