“བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ལ་དཔེ་དེབ་གསར་བ་བྱུང་བ།

    མཚོ་སྔོན་པོ་དྲ་བ།    2015-03-18

“བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ལ་དཔེ་དེབ་གསར་བ་བྱུང་བ།

ཉེ་ལམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བཀྲ་བྷས་བརྩམས་པའི《ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ》དང་བཙུན་པོ་དོན་གྲུབ་ཀྱིས་བརྩམས་པའི《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ》། བན་དེ་མཁར་གྱིས་བརྩམས་པའི《ལོ་བརྒྱའི་ལྷ་སའི་སྙན་ངག་གི་ཞིབ་འཇུག》གསུམ་པར་སྐྲུན་འགྲེལ་སྤེལ་བྱས་པ་ན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་རྩོམ་རིག་ཞིབ་འཇུག་ལས་གཞི་སྟེ“བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ཀྱི་ཁག་དང་པོ་ཡོངས་སུ་རྫོགས་པར་པར་བསྐྲུན་བྱས་པ་དང་། ཁག་གཉིས་པར་གཏོགས་པའི་དཔེ་དེབ་ཐོག་མའང་བདེ་བླག་ངང་པར་དུ་བསྐྲུན་ཡོད།

“བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ལ་དཔེ་དེབ་གསར་བ་བྱུང་བ།

སྤྱི་ལོ2012ལོ་ནས་བཟུང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གིས“985ལས་གཞི”དང“ཕུལ་བྱུང་སློབ་ཆེན་དང་ཕུལ་བྱུང་རིག་ཚན”ལ་རྒྱབ་སྐྱོར་བྱེད་པའི་ཞིབ་འཇུག་མ་དངུལ་བརྩོན་ལེན་བྱས་ཏེ། “བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ཞེས་པའི་མུ་འབྲེལ་ཞིབ་འཇུག་ལས་གཞི་གཉེར་མགོ་བརྩམས་རྗེས། སྔ་རྗེས་སུ་བཀྲ་བྷས་བརྩམས་པའི《བོན་གྱི་ལྷ་རབས་ལ་དཔྱད་པ》དང་བཀྲ་བྷས་བསྒྲིགས་པའི《གསར་རྩོམ་ཉམས་མྱོང་གླེང་བ》། ལྕགས་རྡོར་གྱིས་བརྩམས་པའི《བོད་ཀྱི་དེང་རབས་སྙན་ངག་རིག་པ》། བན་དེ་མཁར་གྱིས་བརྩམས་པའི《སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག》། བན་དེ་མཁར་གྱིས་བསྒྲིགས་པའི《སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ》ཞེས་པའི་དེབ་ལྔ་པར་བསྐྲུན་བྱས།
ཉེ་ལམ་བཀྲ་བྷས་བརྩམས་པའི《ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ》དང་བན་དེ་མཁར་གྱིས་བརྩམས་པའི《ལོ་བརྒྱའི་ལྷ་སའི་སྙན་ངག་ཞིབ་འཇུག》ཅེས་པའི་དེབ་གཉིས་པར་སྐྲུན་བྱས་པ་ལས་བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས་ཞེས་པའི་ཁག་དང་པོ་ཡོངས་སུ་རྫོགས་པར་པར་སྐྲུན་བྱས་པ་ཡིན།

“བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ལ་དཔེ་དེབ་གསར་བ་བྱུང་བ།
བཙུན་པོ་དོན་འགྲུབ་ཀྱི《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ》།

ཉེ་ལམ་བཙུན་པོ་དོན་གྲུབ་གྱིས་བརྩམས་པའི《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ》ཞེས་པའི་དེབ་འདི་པར་དུ་བསྐྲུན་པ་ལས་ཞིབ་འཇུག་དེབ་ཚོགས་འདིའི་ཁག་གཉིས་པ་མགོ་བརྩམས་པ་ཡིན། “བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ཁག་གཉིས་པ་ནི་བཀྲ་བྷས་བརྩམས་པའི《བོད་ཀྱི་རྩོམ་པ་པོའི་གསར་རྩོམ་ཉམས་མྱོང་ལ་དཔྱད་པ》དང་བཀྲ་བྷས་བརྩམས་པའི《རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་བ》། དཔལ་རྩལ་གྱིས་བརྩམས་པའི《འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ》། བན་དེ་མཁར་གྱིས་བརྩམས་པའི《སྙན་ངག་མེ་ལོང་གི་བརྡ་ཆད་རྣམ་དཔྱད》། བཙུན་པོ་དོན་གྲུབ་གྱིས་བརྩམས་པའི《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ》། རང་སྒྲས་བརྩམས་པའི《རྩོམ་རིག •གསར་རྩོམ •དཔྱད་བརྗོད》བཅས་དེབ་ལྔའི་བདག་ཉིད་ཅན་ཞིག་ཡིན་ལ། ད་ལོ་ནས་མགོ་བཟུང་སྟེ་རིམ་བཞིན་པར་དུ་སྐྲུན་འཆར་ཡོད།

“བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ལ་དཔེ་དེབ་གསར་བ་བྱུང་བ།

གཞན་ལས་གཞི་འདི་དང་མཉམ་དུ“གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བསྡུས་དཔེ་ཚོགས”ཞེས་པའི་ལས་གཞི་གཉེར་ཏེ། སྔ་ཕྱིར་སྟག་འབུམ་རྒྱལ་གྱི《ཁ་བ་མེད་པའི་དགུན་ཁ》དང་བཀྲ་བྷའི《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》། ལྷ་བྱམས་རྒྱལ་གྱི《བོད་ཀྱི་གཅེས་ཕྲུག》། བཀྲ་བྷའི་སྒྲུང་གཏམ་རྒྱ་འགྱུར་མ《ནས》། སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་རྒྱུ་འགྱུར་མ《མི་ཚེའི་གླུ་དབྱངས》བཅས་དེབ་ལྔ་པར་སྐྲུན་བྱས་པས་ཀློག་པ་པོ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། དེ་དག་ལས་སྟག་འབུམ་རྒྱལ་གྱི《ཁ་བ་མེད་པའི་དགུན་ཁ》ལ་སྐབས་དང་པོའི“འབྲོང་རྩོམ་རིག་བྱ་དགའ”དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྐབས་བདུན་པའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ་ཐོབ། ལྷ་བྱམས་རྒྱལ་གྱི《བོད་ཀྱི་གཅེས་ཕྲུག》ཉི་ཧོང་སྐད་དུ་བསྒྱུར་ནས་པར་དུ་སྐྲུན་ཡོད།

  • ལེ་ཚན་སྔོན་མ།:ཞི་བདེ་ཉི་མའི་སྙན་རྩོམ་རིང་མོ་《གངས་ལྗོངས་སྨོན་ལམ་ཆེན་མོ།》ལ་ཁྱད་འཕགས་སྙན་རྩོམ་གྱི་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་ཞིབ་འཇུག་བྱས་ཏེ་བཟོས་པའི་བོད་རྒྱ་དྲ་ཐོག་ཡིག་སྒྱུར་མ་ལག་དེ་ད་ལོ་ཐོན་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།