རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་མཇུག་བསྒྲིལ།

        2015-03-17

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་མཇུག་བསྒྲིལ།

ཟླ་བ3པའི་ཚེས13ཉིན།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ཏེ་གོང་ཚེས་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་མཇུག་བསྒྲིལ་བ་རེད།གྲོས་ཚོགས་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་དེར་ཞུགས་པའི་ལས་ཁུངས་སོ་སོ།རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ནས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏང་རྒྱུའི་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱས་ཏེ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཤིང་།དམངས་སེམས་གཅིག་མཐུན་དང་གསར་གཏོད་བརྩོན་ལེན་བྱས་ཏེ།ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐད་བྱ་དགོས་པའི་འབོད་སྐུལ་གནང་།
  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མཇུག་བསྒྲིལ་གྲོས་ཚོགས་ཀྱི་གཙོ་འགན་བཞེས།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་ཧན་ཆི་ཏེ།འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།ཏུང་ཅན་ཧྭ།ཝང་ཀང་།ལིན་ཝུན་དབྱི།ལའོ་ཧྥུའུ་ཧོ།ཧོ་ཧུའེ་ཧྭ།ཀྲང་ཆིན་ལི།ལི་ཧའེ་ཧྥེང་།ཁྲེན་ཡོན།ལུའུ་ཀྲན་ཀུང་།ཀྲོའུ་ཞའོ་ཁྲོན།ཝང་ཅ་རུའེ།ཝང་ཀྲེང་ཝེ།མཱ་པིའོ།ཆི་ཞུའུ་ཁྲུན།ཁྲིན་ཞའོ་ཀོང་།མཱ་ཕེ་ཧྭ།ལིའུ་ཞའོ་ཧྥེང་།ཝང་ཆན་མེ་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
  ཞི་ཅིན་ཕིང་།ལི་ཁེ་ཆང་།ཀྲང་ཏེ་ཅང་།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལི་བཅས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།
  ཡུས་ཀྲེང་ཧྲེང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་འབྱོར་དགོས་པའི་ཨུ་ཡོན2227ཡིན་ཞིང་།དངོས་སུ་འབྱོར་བའི་ཨུ་ཡོན2114ཡོད་པས།གཏན་འབེབས་མི་གྲངས་དང་མཐུན་པ་རེད་ཅེས་ཁྱབ་བསྒྲགས་གནང་།
ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞུས་པའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་།སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་འདོན་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ།སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།     
ཡུས་ཀྲེང་ཧྲེང་གིས་གསུངས་དོན། ཚོགས་འདུའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་རྣམས་ཚོགས་ཆེན་གྱི་འགོ་ཚུགས་གྲོས་ཚོགས་དང་མཇུག་བསྒྲིལ་བའི་གྲོས་ཚོགས་སུ་ཞུགས་ཏེ། ཚོ་ཆུང་དང་སྲིད་གྲོས་ཨུ་ཡོན་དང་མཉམ་དུ་རྒྱལ་ཁབ་ཀྱི་དོན་དག་ལ་གྲོས་བསྡུར་གནང་བ་དང་། བསམ་འཆར་དང་གྲོས་གཞི་ལ་གསན་འཇོག་ནན་ཏན་
མཛད་པ་རེད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་བརླིང་གི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་དངོས་ལ་དམ་པོར་དམིགས་ཏེ། ཆབ་སྲིད་གྲོས་མོལ་ཟབ་མོ་དང་
ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་པ་ལས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རྒྱལ་ཁབ་དང་མི་དམངས་ཀྱི་དོན་དུ་འགན་འཁྲི་ལག་བསྟར་ཡག་པོ་བྱས་པ་མཚོན་ཐུབ་པར་མ་ཟད། མི་དམངས་སྲིད་གྲོས་དེ་དམངས་གཙོ་གྲོས་མོལ་གྱི་ཐབས་ལམ་གཙོ་བོ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ཆ་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་དགེ་མཚན་གང་ལེགས་མཚོན་པ་རེད།
  ཡུས་ཀྲེང་ཧྲེང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གིས་སྣེ་ཁྲིད་བྱེད་པའི་ང་ཚོའི་རྒྱལ་ཁབ་དང་མི་དམངས་ཚོ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་བཞིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་སྐྱོད་བཞིན་ཡོད། ང་ཚོ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་ཁྲོད་དངོས་སུ་ཞུགས་བཞིན་ཡོད་པས། ང་ཚོས་ལས་འགན་ལ་ངོས་འཛིན་གསལ་པོ་དང་། ལས་འགན་འཁུར་ཕོད་པ་བྱ་དགོས་པར་མ་ཟད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་རིགས་པའི་གཞུང་ལུགས། ལམ་ལུགས་བཅས་ལ་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས་ཐུན་མོང་གི་འབད་འཐབ་དམིགས་འབེན་དང་། ཐུན་མོང་གི་ལོ་རྒྱུས་ལས་སྐལ། ཐུན་མོང་གི་རིག་གནས་རྒྱུན་འཛིན་བཅས་ལ་བརྟེན་ནས་བཅོས་བསྒྱུར་གྱི་ཐུན་མོང་ངོས་འཛིན། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན། ཁྲིམས་སྐྱོང་གི་ཐུན་མོང་ངོས་འཛིན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐུན་མོང་ངོས་འཛིན། རིན་ཐང་ལྟ་བའི་ཐུན་མོང་ངོས་འཛིན་བཅས་ཡོངས་ཁྱབ་ཏུ་གོང་བུར་གཅིག་ཏུ་ཆགས་པ་བྱས་ཏེ་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོ་བཏིང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏང་དགོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོར་བྱེད་པ་བཅས་སྟོབས་ལྡན་གྱི་དྲང་བདེན་ནུས་པ་གོང་བུར་གཅིག་ཏུ་འགྲིལ་དགོས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་འདུ་ཤེས་དང་དམངས་ཕན་གྱི་བརྩེ་སེམས་འཆང་བ་དང་ཀུན་སྤྱོད་ཀྱི་ཚད་གཞི་སྲུང་ཞིང་སྤྱོད་གཙང་རང་གཅུན་བྱ་དགོས། ཐོག་མཐའ་བར་གསུམ་དུ་དོན་གཉེར་བརྩོན་ལེན་དང་འབད་འབུངས་ལས་བཀུར་བྱ་རྒྱུ་སྲུང་འཛིན་བྱེད་ཅིང་དམངས་གཙོ་གྲོས་མོལ་དང་རྗེས་དཔོག་ཁོང་ཡངས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དངོས་གནས་དྲང་གནས་གཏམ་དྲང་མོ་དང་ཐབས་དོན་གནས། སྤྱོད་ཚུལ་ཡག་པོ་བཅས་ཡོང་ཐུབ་པ་བྱས་ཏེ་རྒྱལ་ཁབ་དང་མི་དམངས་ལ་ཕན་ཞིང་རང་ཉིད་འཇོན་ཐང་ཡོད་པ་བྱས་ཏེ་སྲིད་གྲོས་ཨུ་ཡོན་གྱི་གཟི་བརྗིད་ཀྱི་མཚན་སྙན་འདིར་ངོ་གནོང་མི་དགོས་པ་བྱ་དགོས།

  • ལེ་ཚན་སྔོན་མ།:སི་ཁྲོན་དམངས་ཆེན་འཐུས་མིས་ཁྲོན་བོད་ལྕགས་ལམ་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་བཞག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་གྲོས་གཞི་བཏོན།
  • ལེ་ཚན་རྗེས་མ།:སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་མཇུག་བསྒྲིལ།
  • དོ་སྣང་ཆེ་བའི་རྩོམ།