ཀྲུང་གོའི་བོད་ལྗོངས་དྲ་བ། 2017-12-29
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་སྐོར་གྱི་གཏན་འབེབས་དཔར་ནས་བཀྲམ་སྟེ། 2018ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་བཅུ་གཉིས་སྟེང་ནས་བཟུང་། དྲག་ཆས་ཉེན་རྟོག་དམག་དཔུང་ལ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གཅིག་བསྡུས་གཅིག་གྱུར་སྒོས་འགོ་ཁྲིད་བྱས་ནས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་དྲག་ཆས་ཉེན་རྟོག་དམག་དཔུང་། དམག་དཔུང་འགོ་ཁྲིད་ཀྱི་བཀོད་འདོམས་སྒྲིག་གཞི་བཅས་ལག་བསྟར་བྱེད་རྒྱུ་རེད། གཏན་འབེབས་ལས་དྲག་ཆས་ཉེན་རྟོག་དམག་དཔུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྒྲིག་གཞིའི་ནང་གཏོགས་པ་ལས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གོ་རིམ་ནང་མི་གཏོགས། དྲག་ཆས་ཉེན་རྟོག་དམག་དཔུང་གི་འཛུགས་སྐྲུན་དེ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གཏན་འཁེལ་བྱས་པའི་སྒྲིག་གཞིའི་འབྲེལ་བ་ལྟར་རྩ་འཛུགས་འགོ་ཁྲིད་བྱེད་རྒྱུ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་བཅས་ཀྱིས་དྲག་ཆས་ཉེན་རྟོག་དམག་དཔུང་གི་རིམ་པ་སོ་སོའི་བར་དེ་དང་མཐུན་པའི་ལས་འགན་གྱི་དགོས་མཁོ་དང་བྱ་བའི་མཐུན་སྦྱོར་ལམ་ལུགས་འཛུགས་དགོས་པ་གཏན་འཁེལ་གསལ་བོ་བྱས། གཏན་འབེབས་ལས་ས་གནས་སོ་སོ་དང་ལས་ཁུངས་སོ་སོ། མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདུན་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཧུར་ཐག་དང་རང་འགུལ་གྱིས་མཐུན་སྦྱོར་གཞོགས་འདེགས་བྱས་ནས། འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབས་ཏེ། དྲག་ཆས་ཉེན་རྟོག་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་སྒྲིག་གཞི་གོ་རིམ་ལྡན་པའི་ངང་སྤོར་སྒྱུར་དང་བརྟན་འཇགས་སྒོས་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10