གངས་སྐྱིད་ཀྱིས་བསྒྱུར། 2017-12-28
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་འགུལ་གྱི་གནོད་སྐྱོན་ཐེབས་རྗེས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་ལེགས་གྲུབ་བྱུང་རྗེས། “ལོ་གསུམ་ལ་རྨང་གཞི་འདིང་བ་དང་། ལོ་ལྔའི་ཐོག་སྐས་རིམ་གསར་པར་བསླེབ་པ། ལོ་བདུན་གྱི་ཐོག་འགྱུར་ལྡོག་ཆེན་པོ་ཡོད་པའི”འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་འཁེལ་བྱས་ཏེ་དུད་འབྲེལ་གཉེར་སྐྱོང་དང་། ཆེད་ལས་དུད་ཆེན། ཁྱིམ་ཚང་གི་ཞིང་ར། ཞིང་པའི་མཉམ་ལས་ཁང་བཅས་ཀྱིས་འདེགས་སྐྱོར་བྱས་ཏེ་ཡུལ་ཤུལ་གྱི་འབྲོག་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ་རེད།
ཕྱུགས་འབྲོག་ལས་རིགས་ནི་ཡུལ་ཤུལ་ཁུལ་གྱི་ཐོན་ལས་གཙོ་བོ་ཡིན་ཞིང་། དབྱར་རྩྭ་དགུན་འབུའི་དཔལ་འབྱོར་གྱིས་ཤུགས་རྐྱེན་ཐེབས་ནས་འབྲོག་ལས་དོར་བའི་རྣམ་པ་ཆད་མེད་རྒྱུན་འབྱུང་ཡིན་པས་སྐྱེ་ཁམས་འབྲོག་ལས་མཉམ་ལས་ཁང་སྟོང་ཆ་ཚབས་ཆེན་བྱུང་བ་རེད། དེར་བརྟེན་ཡུལ་ཤུལ་ཁུལ་གྱིས་གཅིག་བསྡུས་འཛུགས་སྐྱོང་དང་། གནད་གཅིག་གིས་ཁྱོན་ཡོངས་འཁྲིད་པ། སྣ་མང་ཅན་གྱི་སྒོ་ནས་འབྲོག་ལས་འཕེལ་རྒྱས་བཏང་བ་རེད། རྩ་འཛུགས་ཅན་གྱི་ཐོན་སྐྱེད་རྨང་གཞི་དང་། དཔེ་སྟོན་གྱི་སྣེ་ཁྲིད་བྱེད་ནུས། ཐོན་ལས་ཀྱི་གཞི་ཁྱོན་ངེས་ཅན་ལྡན་པའི་མཉམ་ལས་ཁང18དེ་དཔེ་སྟོན་གྱི་མཉམ་ལས་ཁང་དུ་གཏན་འཁེལ་བྱས་ཡོད། ནང་ཆེན་རྫོང་གཱ་ཡུང་ཉི་ཡིས་ཚབ་བྱེད་བྱས་པའི་གཞི་ཁྱོན་བདག་གཉེར་དང་ཐོན་ལས་ཅན་དུ་འཕེལ་རྒྱས་གཏོང་བའི་དཔེ་བལྟས་སའི་མཉམ་ལས་ཁང་བཙུགས་ཡོད་པ་རེད། གཙོ་གནད་དུ་དུད་སྦྲེལ་བདག་གཉེར་གྱི་མཉམ་ལས་ཁང36གསོ་སྐྱོང་བྱས་ཏེ་མང་བས་ཉུང་བར་འཁྲིད་པ་དང་ཆེ་བས་ཆུང་བར་འཁྲིད་པའི་དུད་སྦྲེལ་བདག་གཉེར་གྱི་མ་དཔེ་ཆགས་ཡོད། དུད་ཚང་དབུལ་པོ་དང་། ཕྱུགས་གྲངས་ཉུང་བའི་དུད་ཚང་། འགན་ལེན་ལྔའི་དུད་ཚང་། བུད་མེད་དང་བྱིས་པའི་དུད་ཚང་བཅས་སྐྱེ་ཁམས་ཕྱུགས་འབྲོག་ལས་རིགས་སུ་ཞུགས་པར་སྣེ་ཁྲིད་བྱས་པ་རེད། ཤང་དང་གྲོང་གསེབ་བརྒལ་ནས་དབུལ་སྐྱོར་འགག་སྒྲོལ་བྱ་རྒྱུས་གཙོ་བོར་བྱེད་པའི་འབྲི་སྟོད་རྫོང་གི་སྐྱེ་ཁམས་འབྲོག་ལས་མཉམ་ལས་ཁང་བཙུགས་ནས་དུད་ཚང་དབུལ་པོ1340ཡི་མི4721དེའི་ནང་ཞུགས་ཡོད་པ་རེད། མིག་སྔར་ཁུལ་ཡོངས་ཀྱི་འབྲོག་ལས་རྐྱང་པའི་དུད་ཚང་བརྒྱ་ཆ56མཉམ་ལས་ཁང་ནང་ཞུགས་ཡོད་པ་རེད།
ཁུལ་ཡོངས་ཀྱི་འབྲི་གཡག་མང་བ་དང་ལུག་ཉུང་བ། རྒྱུད་པ་ཞན་དུ་འགྲོ་བའི་འབྲོག་ལས་ཀྱི་འགག་མདོ་ལ་དམིགས་ནས་ཡུལ་ཤུལ་ཁུལ་གྱིས་རྒྱུད་པ་ཞན་པའི་གཡག་རྒྱུད་མེད་པར་བཟོས་ནས་རྒྱུད་པ་ཡག་པོའི་གཡག་རྒྱུད་ནང་འདྲེན་དང་སྡེབ་སྦྱོར་བྱས་ནས་ཕྱུགས་རྒྱུད་སྙོམས་སྒྲིག་བྱས་ཏེ་ཕྱུགས་རྒྱུད་གསོ་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་རེད། སྔར་ཡོད་ཀྱི་ཁུལ་རིམ་པ་དང་། ཆུ་དམར་ལེབ། འབྲི་སྟོད། ཡུལ་ཤུལ་བཅས་ཕྱུགས་རྒྱུགས་སྤེལ་ས4ཡོད་པའི་རྨང་གཞིའི་ཐོག་ནང་ཆེན་དང་། ཁྲི་འདུ། རྫ་སྟོད་བཅས་རྫོང3དུ་ཕྱུགས་རྒྱུད་སྤེལ་ས་མེད་པའི་སྟོང་ཆ་བསྐངས་ཡོད། ཆུ་དམར་ལེབ་རྫོང་དུ་འབྲོང་རྒྱུད་གནག་ཕྱུགས་གསོ་སྤེལ་རྟེན་གཞི40བཙུགས་ཏེ་མཉམ་ལས་ཁང་གི་བར་དུ་ཕྱུགས་རྒྱུད་ཡག་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་རྩིས་བྱས་ན་ཕྱུགས་ཟོག་ཁྲི1.16ལེགས་བཅོས་བྱས་ནས་ཁུལ་ཡོངས་སུ་ཕྱུགས་རྒྱུད་བཟང་པོས་ཁྱབ་ཚད་བརྒྱ་ཆ37ལ་ཟིན་པ་རེད།
རྩྭའི་ཐོན་ལས་འཕེལ་རྒྱས་གཏོང་བའི་གནད་དོན་ལ་དམིགས་ནས་ཡུལ་ཤུལ་ཁུལ་གྱིས་མཉམ་ལས་ཁང་གིས་འདེགས་སྐྱོར་བྱས་ཏེ་རྩྭ་ར་བཤུག་སྤྲོད་ཚོད་ལྟ་བྱས་ནས་བཤུག་སྤྲོད་བྱས་པའི་རྩྭ་ར་རྒྱ་ཁྱོན་སྤྱི་ཆིང་ཁྲི48ལ་ཟིན་པ་རེད། མིའི་ཐབས་ཀྱིས་རྩྭ་བཏབ་པར་བརྒྱུད་ཁུལ་ཡོངས་སུ་མིའི་ཐབས་ཀྱིས་བཏབ་པའི་རྩྭ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི0.73ལ་ཟིན་པས་ལོ་རེར་གཟན་རྩྭ་གསར་པ་སྤྱི་རྒྱ་ཁྲི130ཐོན་པ་དང་གཟན་རྩྭའི་གསོག་འཇོག་བྱེད་ཁང5བསྐྲུན་པ་དེའི་རྒྱ་ཁྱོན་སྨི་གྲུ་བཞི་མ6500ཡོད་ཅིང་། ལོ་རེར་གཟན་ཆགས་རྡོག་རིལ་ཉོ་སྒྲུབ་བྱེད་ཚད་ཏུན8000ཡན་ཆད་ཡོད་པས་ས་བབ་མཐོ་བའི་ས་ཁུལ་གྱི་རྩྭ་ཕྱུགས་མཉམ་སྤེལ་གྱི་རྣམ་པ་གསར་པ་ཆགས་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10