མི་དམངས་དྲ་བའི་འཕྲིན། 2017-12-27
ཟླ་12ཚེས་24ཉིན། བོད་ལྗོངས་དང་སི་ཁྲོན། ཀོང་ཏུང་། ཀན་སུའུ་སོགས་ནས་ཕེབས་པའི་མི་རིགས་རིག་གནས་དང་། བོད་རིག་པ། ཡུལ་སྐོར་བཅས་ཀྱི་རིགས་གཅིག་མཁས་པ་དང་མཁས་དབང་མང་པོ་ཁྲེན་ཏུའུ་གྲོང་ཁྱེར་དུ་འཛོམས་ནས་མཉམ་དུ་དཀར་མཛེས་བོད་ཁུལ་ཉག་རོང་རྫོང་གི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྐོར་ཐབས་འདོན་ཇུས་འབུལ་བྱས་པ་རེད།
ཉག་ཆུ་འབབ་རྒྱུད་དུ་གནས་པའི་ཉག་རོང་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་དཀར་མཛེས་ཁུལ་གྱི་ལྟེ་བའི་ས་ཁུལ་དུ་ཆགས་པ་དང་། དེ་ལ"ས་ཡི་ལྟེ་བ"དང་ཉག་ཆུ་འབབ་རྒྱུད་ཀྱི"ཤམ་བྷ་ལ"ཞེས་འབོད་ཀྱི་ཡོད་ཅིང་། ཁམས་ཁུལ་གྱི་ལྟེ་བའི་ས་ཁུལ་ཏེ"གདོད་མའི་སྐྱེ་ཁམས་དང་། གདོད་མའི་རིག་གནས། གདོད་མའི་སྡོད་དམངས། གདོད་མའི་ཐོན་དངོས"བཅས་ཀྱི་ནོར་བུ་གླིང་ལྟ་བུ་ཞིག་ཡིན་མོད། འོན་ཀྱང་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་འདི་རུ"རི་གསེབ་ཏུ་སྦས་ནས་ཤེས་རྟོགས་བྱུང་མེད་པའི"གདོད་མའི་མཛེས་སྡུག་ཡོད་ལ། ཉག་རོང་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག"ཉག་རོང་སྐོར་བྲོ"དང་། བོད་ལུགས་ཀྱི་ཤིང་ཟམ། "རྡོ་ལེབ་ཐོག་ཁའི་བོད་པའི་གྲོང་ཚོ" སོགས་ཡོད་པ་རེད།
2016ལོའི་ཟླ་5པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྱི་ཕོགས་སྣོན་ཡོད་པའི་རིགས་གཅིག་མཁས་པ་དང་ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེ་མོ་ཕེང་ཧྭ་ཡིས་གཙོ་བོར་གནང་བའི་རིགས་གཅིག་མཁས་པ་ཚོགས་ཆུང་གིས་ཉག་རོང་རྫོང་དམར་པོ་རིའི་ཏན་ཞ་ས་དབྱིབས་ལ་ཉིན་3རིང་གི་རྟོག་ཞིབ་བྱས་པ་རེད། ཕེང་ཧྭ་ཡིས་ཉག་རོང་ལ"དྭངས་ཤིང་གཙང་བའི་ཉམས་འགྱུར་ལྡན་ཞིང་། རྒྱན་སྤྲོས་མི་དགོས་པའི་རང་བྱུང་གི་མཛེས་སྡུག་ཡང་ལྡན་པའི"སྐྱེ་ཁམས་ཁོར་ཡུག་ཡོད་ལ། འཇིག་རྟེན་ལས་འཕགས་པའི་གནས་མཆོག་དང་། མི་དང་རང་བྱུང་ཁམས་མཐུན་ཞིང་སྦྲེལ་བའི་བློ་ཁམས"ཀྱི་རིག་གནས་ཁོར་ཡུག་ཀྱང་ཡོད་པ་བཅས་གདེང་འཇོག་གནང་བ་རེད།
སི་ཁྲོན་སློབ་ཆེན་ཧི་མ་ལ་ཡའི་རིག་གནས་དང་ཆོས་ལུགས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་དང་དགེ་རྒན་ཆེ་མོ་དཀོན་མཆོག་བསྟན་འཛིན་གྱིས་སྔོན་ཆད་པུའུ་ལུའུ་མན་ནི་བོད་རྒྱ་ས་ཁུལ་གཉིས་སུ་སྐད་གྲགས་ཆེན་པོ་ཁྱབ་མྱོང་མོད། ཡིན་ནའང་བློ་ཕངས་པ་ཞིག་ནི་ཁོང་གི་ཕོ་བྲང་གི་རྗེས་ཤུལ་གཏོར་བརླག་ཏུ་བཏང་ཚར་བ་རེད། ཁོང་གི་ཕ་ཡུལ་དུ་ཁོང་གི་བརྐོས་བརྙན་བཞེངས་ཐུབ་མིན་དང་། ད་དུང་རང་བྱུང་མཛེས་ལྗོངས་དང་ནུས་པའི་སྒྲིག་བཀོད་ངེས་པར་དུ་མཉམ་འདྲེས་གཅིག་གྱུར་ཡོང་བར་བྱེད་དགོས་པས། ཚད་ལས་བརྒལ་བའི་གསར་སྤེལ་བྱེད་མི་རུང་བ་ཡིད་ལ་ངེས་དགོས་པ་དང་། ཉག་རོང་དུ་ཡུལ་སྐོར་ཆེད་ལས་མི་སྣ་ཉུང་བས། ས་གནས་དེ་གའི་ཡུལ་སྐོར་མི་སྣ་གསོ་སྐྱོང་བྱེད་རྒྱུའི་འཆར་གཞི་དེ་སྤྱིའི་འཆར་འགོད་ནང་བཀོད་དེ་དུས་གཅིག་ཏུ་བསྒྲུབ་དགོས་ཞེས་བསྟན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10