བོད་ལྗོངས་ཀྱིས་བཟའ་བཅའི་ཞིང་ལས་ཐོན་རྫས་མྱུར་བཤེར་ཁང་ཐོག་མ་བཙུགས།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2017-12-27

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཆབ་མདོའི་ཞིང་ཟོག་ཁྲོམ་རའི་གཉིས་ཕན་སྒོ་རྩིས་ཚོང་ཁང་དང་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་ཕྱོགས་བསྡུས་མྱུར་བཤེར་ཁང་དང་པོ་དེ་དངོས་སུ་སྤྱད་པ་ལས་རང་ལྗོངས་ཀྱི་བཟའ་བཅའི་ཞིང་ལས་ཐོན་རྫས་མྱུར་བཤེར་ཁང་ཐོག་མ་དེ་བཙུགས་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ12པའི་ཟླ་འགོའི་བར་བཟའ་བཅའི་ཞིང་ལས་ཐོན་རྫས་མྱུར་བཤེར་ཁང་གིས་སྔོ་ཚལ་དང་། ཤིང་འབྲས། ཕག་ཤ། ཆུའི་ཐོན་རྫས་བཅས་ཁག་ཐེངས་ཁྲི8.1ལྷག་ཙམ་ལ་ཞིབ་དཔྱད་ཚད་ལེན་བྱས་པར་ཚད་ལོན་ཚད99.556%ཟིན་པ་དང་། ས་གནས་ས་ཐོག་ཏུ་ཚད་མ་ལོན་པའི་བཟའ་བཅའ་ཁག་ཐེངས32མེད་པར་བཟོས་པ་རེད། མྱུར་བཤེར་ཁང་དེ་ཆབ་མདོ་གྲོང་ཁྱེར་དཀྱིལ་ལམ་གྱི་ཚལ་ཁྲོམ་དུ་བཙུགས་ཡོད་པ་དང་། ཧྲན་ཏུང་ཀེ་ལིན་ཞིབ་བཤེར་ཚད་ལེན་མ་རྐང་ཚད་ཡོད་ཀུང་སིས་ཆབ་མདོ་གྲོང་ཁྱེར་གྱི་བཟའ་བཅའི་ཞིང་ལས་ཐོན་རྫས་ཚབ་གཉེར་གྱི་ཕྱོགས་གསུམ་པའི་ཞིབ་བཤེར་ཚད་ལེན་སྒྲིག་གཞིར་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱི་བཟའ་བཅའི་ཞིབ་བཤེར་ཚད་ལེན་ལས་འགན་འཁུར་གྱི་ཡོད། ས་གནས་ས་ཐོག་ཏུ་ཞིབ་བཤེར་ཚད་ལེན་བྱས་འབྲས་དེ་སྐར་མ20ཡི་ནང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ལས་སྟེགས་སུ་བསྐྱལ་ནས་ཉིན་དེར་ཞིང་ལས་ཐོན་རྫས་ཀྱི་མྱུར་བཤེར་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ་འཛད་སྤྱོད་པས་ག་དུས་ཡིན་རུང་ཞིབ་བཤེར་ཚད་ལེན་བྱས་འབྲས་ལ་བལྟ་ཆོག་གི་ཡོད། །



  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་སོག་སྨན་ཁང་གི་ཡོན་ཀྲང་གླེང་སྟེགས་སྐབས་བཞི་བ་ཟི་ལིང་ནས་བསྡུས།
  • ལེ་ཚན་རྗེས་མ།:རིགས་གཅིག་མཁས་པ་དང་མཁས་དབང་མང་པོ་ཁྲེན་ཏུའུ་གྲོང་ཁྱེར་དུ་འཛོམས་ནས"ངོ་ མཚར་ལྐོག་གྱུར་ཉག་ཆུ་འབབ་རྒྱུད"ཀྱི་འཕེལ་རྒྱས་སྐོར་ཐབས་འདོན་ ཇུས་འབུལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།