ཡེ་ཤེས་ཀྱིས་བསྒྱུར། 2017-12-21
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ12པའི་ཚེས15ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤེལ་བའི《ཀྲུང་གོའི་མིའི་དབང་ཆའི་ཁྲིམས་སྐྱོང་ཅན་འགན་སྲུང་གི་འཕེལ་རིམ་གསར་པའི》དེབ་ཐེར་རྒྱབ་ཤ་དཀར་པོ་ནང་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་དམངས་གཙོ་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས་ཁྲིམས་འཛུགས་ཀྱི་རིགས་པ་སྒྲུབ་པ་དང་དཔང་ཉན།
བཅའ་ཁྲིམས་ཀྱི་འཆར་ཟིན་ཡོངས་བསྒྲགས་བྱས་པའི་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲིམས་འཛུགས་བྱས་པ་ཚང་མའི་ནང་མི་དམངས་ཀྱི་འདོད་བློ་མཚོན་ཡོད་པ་རེད།
དེབ་ཐེར་རྒྱབ་ཤ་དཀར་པོར་གཞིགས་ན། 2017ལོའི་ཟླ10པའི་ནང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསམ་འཆར་བསྡུ་ལེན་ཐེངས་མ74བྱས་པའི་བཅའ་ཁྲིམས་འཆར་ཟིན་ཡོངས་བསྒྲགས་བྱས་པ་རེད། མིའི་ཐེངས་གྲངས་ཁྱོན་བསྡོམས15422ཀྱིས་བཏོན་པའི་བསམ་འཆར70227འབྱོར་ཡོད། ཉེས་ཁྲིམས་དག་བཅོས་ཀྱི་འཆར་ཟིན་དགུ་པའི་གྲོས་ཞིབ་ཐེངས་གཉིས་པར་དམིགས་པའི་བསམ་འཆར་ཁྲི11ལྷག་འབྱོར་ཡོད་པ་རེད།
དེབ་ཐེར་རྒྱབ་ཤ་དཀར་པོའི་ནང་བཤད་དོན། དམངས་ཁྲིམས་ཀྱི་སྤྱིའི་སྒྲིག་སྲོལ་གཏན་འབེབས་བྱས་པ་ནི་སྤྱི་དམངས་ཀྱི་ཁེ་དབང་དེ་བས་འགན་སྲུང་བྱ་ཆེད་ཡིན་པ་རེད། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་དམངས་ཁྲིམས་ཀྱི་སྤྱིའི་སྒྲིག་སྲོལ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ནས་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁྲིམས་འཛུགས་ཀྱི་དམིགས་ཡུལ་གཏན་འཁེལ་བྱས་ཡོད། འདྲ་མཉམ་དང་རང་མོས། གཞུང་དྲང། ཡིད་རྟོན་སོགས་གཞི་རྩའི་རྩ་དོན་གསལ་པོ་བྱས་ཏེ་རང་སྐྱོང་དང་ཁེ་དབང་སྲུང་སྐྱོང་བྱེད་པ་མཚོན་ཡོད་ལ། མི་སྒེར་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་དང་། མིའི་རིན་ཐང་སྲུང་སྐྱོང་། མིའི་འཕེལ་རྒྱས་ཆ་རྐྱེན་འགན་སྲུང་བྱེད་པ་ཆེད་དུ་ཁྲིམས་འཛུགས་པའི་རེ་འདུན་ཡང་མཚོན་ཡོད་པ་རེད།། (ཡེ་ཤེས་ཀྱིས་བསྒྱུར།)
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10