རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་སྐབས་སུ་དུ་བ་འཐེན་མི་ཆོག་པའི་གྲོས་གཞི་ལག་ལེན་བྱུང་།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2015-03-13

རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་སྐབས་སུ་དུ་བ་འཐེན་མི་ཆོག་པའི་གྲོས་གཞི་ལག་ལེན་བྱུང་།

         ལོ་རེ་བཞིན་ཚོགས་འདུ་གཉིས་ཀྱི་སྐབས་སུ་དུ་བ་འཐེན་མི་ཆོག་པའི་གྲོས་གཞི་འདོན་མཁན་མང་པོ་ཡོད། ཡིན་ཡང་ད་ལོའི་ཚོགས་འདུ་གཉིས་ཀྱི་སྐབས་སུ་དུ་བ་འཐེན་མི་ཆོག་པ་དངོས་སུ་ལག་ལེན་བྱས་འདུག མི་མང་འདུ་ཡུལ་དུ་དུ་བ་འཐེན་མི་ཆོག་པ་ཐོག་དང་པོར་ཁ་གསལ་གྱིས་སྒྲིག་ལམ་དུ་གཏན་འབེབས་མཛད།

 རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་སྐབས་སུ་དུ་བ་འཐེན་མི་ཆོག་པའི་གྲོས་གཞི་ལག་ལེན་བྱུང་།

             དེ་སྔོན་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྡོད་གནས་ཐོ་འགོད་བྱེད་པའི་སྐབས་སུ། ཚང་མར་དུ་བ་འགོག་པའི་ཡིག་ཆ་ཞིག་སྤྲད་སྲིད། དེར་ཚོགས་ར་དང་ངལ་གསོ་ཁུལ། ཨུ་ཡོན་ཚོའི་སྡོད་གནས་ཀྱི་ཁང་པ་དང་མཐའ་འཁོར། དེ་མིན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ཚོགས་པས་གཏན་ཁེལ་མཛད་པའི་སར་དུ་བ་མཐའ་གཅིག་ཏུ་འགོག་དགོས་པ་གཏན་ལ་ཕབ་ཡོད་ཅིང་། ད་རུང་དུ་བ་འཐེན་མི་ཆོག་པའི་རྟགས་བཀོད་པ་དང་དུ་རྩྭའི་ཉོ་ཚོང་བརྡ་ཁྱབ་སོགས་རྒྱག་མི་ཆོག་པ་གསལ་བསྒྲགས་བྱས།
            སྤྱི་ཆིངས་ཀྱི་གཏན་འབེབས་53ལྟར་ན། དུ་རྩྭ་བཀག་འགོག་ཕྱོགས་ཀྱི་སྤྱི་པའི་འཕྲོད་བསྟེན་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པའི་སྐབས་སུ། ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཞིར་བཟུང་ནས་ལག་ལེན་བྱ་དགོས་ཤིང་། སྲིད་ཇུས་འདི་དག་ལ་དུ་རྩྭའི་ལས་རིགས་ཀྱི་ཚོང་ལས་དང་གཞན་ཁེ་བཟང་ལག་ཡོད་ཀྱི་ཤུགས་རྐྱེན་བཟོ་བར་སྔོན་འགོག་བྱེད་དགོས། ཡིན་ཡང་རང་རྒྱལ་གྱི་ད་ལྟའི་དུ་རྩྭའི་ཕྱི་ཐུམ་དང་འབྲེལ་བའི་《ཆོད་དོན།》གྱི་གཏན་འབེབས་མཁན་ནི་དུ་རྩྭ་ཆེད་ཚོང་ཅུས་རེད། ཐད་ཀར་《སྤྱི་ཆིངས།》ཀྱི་དོན་ཚན་53གྱི་རྩ་དོན་དང་འགལ་ཡོད། འདིར་ཝུ་མིན་གྱིས་བསམ་འཆར་ལྟར་ན། རྒྱལ་ཁབ་དུ་རྩྭ་ཆེད་ཚོང་ཅུས་དེ་དུ་རྩྭའི་ཕྱི་ཐུམ་གྱི་དྲན་སྐུལ་དཔེ་དབྱིབས་ཀྱི《ཆོད་དོན།》གཏན་འབེབས་ཁྲོད་ཞུགས་མི་ཆོག་པ་བསྟན། །

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་འཚོགས།
  • ལེ་ཚན་རྗེས་མ།:སི་ཁྲོན་དམངས་ཆེན་འཐུས་མིས་ཁྲོན་བོད་ལྕགས་ལམ་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་བཞག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་གྲོས་གཞི་བཏོན།
  • དོ་སྣང་ཆེ་བའི་རྩོམ།