བོད་ལྗོངས་འཕྲིན་དྲ། 2015-03-13
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ3པའི་ཚེས11ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་དང་། ཀྲུའུ་འུད་ཆུན་དང་ཀུང་ཧྥུའུ་ཝན། ཀྲེང་ཅཱ་གྲུན་སོགས་ཨུ་ཡོན་བཅོ་ལྔ་ཡིས་ཆབ་སྲིད་འཛུགས་སྐྱོང་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན། སྲིད་གྲོས་ལས་དོན་བཅས་ལ་དམ་པོར་བསྟུན་ནས་ཚོགས་ཆེན་ཐོག་གཏམ་བཤད་གནང་ཡོད་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུལ་ཀྲེང་ཧྲེང་ཚོགས་འདུར་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ནི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་ལིང་ཝན་དབྱི། ཀྲང་ཆིང་ལིའི། ལིའི་ཧད་ཧྥོང་། ཝང་ཀྲེང་འུད། གྲེན་ཞའོ་ཀོང་། ཝང་ཆིན་མེ་བཅས་ཡིན་པ་དང་ཀྲང་ཆིང་ལིའི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་སུན་ཁྲུན་ལན་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་ཀྱབ་ཁང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་ཚོགས་ཆེན་ལ་ཞུགས་ནས་ཨུ་ཡོན་ཚོའི་གཏམ་བཤད་གསན་གནང་བ་རེད།
ཀྲང་ཆིང་ལིའི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཨུ་ཡོན་ཀྲུའུ་འུད་ཆུན་གྱིས་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་གཏམ་བཤད་གནང་སྐབས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཞི་མཐུན་མཉམ་གནས་ཡོང་བ་བྱེད་རྒྱུ་ནི་དུས་ཡུན་རིང་ལ་དཀའ་འགག་ཆེ་བའི་གལ་ཆེའི་ལས་གཞི་ཞིག་ཡིན། དེར་ཏང་སྲིད་དང་ཆོས་ལུགས་ཚན་པ། ཆོས་ལུགས་ཁྱབ་ཁོངས། རིགས་གཞུང་ཁྱབ་ཁོངས་སོགས་ཕྱོགས་མང་པོའི་ནུས་པ་གཅིག་བསྡུས་ཡོང་བ་བྱས་ནས། ཆོས་ལུགས་དང་སྤྱི་ཚོགས་མཉམ་གནས་ཀྱི་ངོ་བོ་དང་རེ་བ། ཐབས་ལམ་བཅས་གསལ་འགྲེལ་བྱས་ཏེ། ཆོས་ལུགས་ལས་དོན་ཁྲིམས་ལུགས་ཅན་ལ་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
ཨུ་ཡོན་ཀུང་ཧྥུའུ་ཝན་གྱིས་གཏམ་བཤད་གནང་སྐབས་འགོ་ཁྲིད་ལས་བྱེད་པར་དམ་འཛིན་ལྷོད་མེད་བྱེད་དགོས། ཁྲིམས་ལུགས་ཀྱི་བསམ་བློས་རྒྱལ་སྐྱོང་སྲིད་སྐྱོང་བྱེད་པའི་ལྟ་བ་ནི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པར་འཕྲད་པའི་མིག་མདུན་གྱི་གལ་ཆེའི་འོས་འགན་ཞིག་རེད། དེར་བརྟེན་ནུས་ཤུགས་ཡོད་རྒུས་ཏང་ཡོན་ལས་བྱེད་པའི་བརྒྱུད་ལ་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་ལ་སྲུང་བརྩི། ཁྲིམས་ལྟར་ལས་དོན་སྒྲུབ་པ་བཅས་ཀྱི་ལས་ཀའི་སྒྲིག་གཞི་ཞིག་བཙུགས་ཐོག ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཁྲིམས་ལུགས་སློབ་སྦྱོང་དང་སྒྲིག་བསྐུར་ཁྲིམས་སྲུང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།
ཨུ་ཡོན་ཚུལ་ཡུས་ཀྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་གྱི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། ཞིང་འབྲོག་ཁུལ་གྱི་བུད་མེད་ནི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་རེད་ལ་མཛེས་སྡུག་ལྡན་པའི་ཤང་གྲོང་འཛུགས་སྐྲུན་པ་ཞིག་ཀྱང་རེད། ཞིང་འབྲོག་ཁུལ་ལ་དོ་ཁུར་བྱེད་པ་དང་ལྷན་དུ་ཞིང་འབྲོག་ཁུལ་གྱི་བུད་མེད་ལ་ཡང་དོ་ཁུར་བྱེད་དགོས་ཞེས་གསུངས་པ་དང་སྦྲགས། ཁོང་གིས་ཞིང་འབྲོག་ཁུལ་བུད་མེད་ཀྱི་ས་ཞིང་འབོག་གཏོང་ལས་གཉེར་གྱི་དབང་ཆ་སྲུང་སྐྱོབ་དང་མཉམ་ལས་དཔལ་འབྱོར་གྱི་ཁེ་བཟང་བགོ་འགྲེམས་དབང་ཆའི་ཐད་བསམ་འཆར་བཏོན་ཡོད་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིང་དང་ཧན་ཆིའི་ཏེ། རྡུང་ཅན་ཧྭ། ཝན་ཀང་། ལོའོ་ཧྥུའུ་ཧྭ། གྲེན་ཡོན། ལུའུ་གྲན་ཀུང་། ཀྲའོ་ཞའོ་ཁྲོན། ཝང་ཅཱ་རུད། མཱ་པེའོ། ཆིའི་ཤུད་ཁྲུན། མཱ་ཧྥེ་ཧྭ། ལིའུ་ཞའོ་ཧྥོང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10