གཟི་ཚ་སྡེ་དགུའི་གནོད་ཐེབས་མང་ཚོགས་ཀྱི་དགུན་བསྐྱལ་དངོས་ཟོག་ལ་འགན་སྲུང་ཡོད་པ།

མཁའ་འགྲོ་མཚོས་བསྒྱུར།        2017-12-13

  ཉེ་ཆར། རྔ་བ་ཁུལ་གཟི་ཚ་སྡེ་དགུ་རྫོང་གི་གནོད་ཐེབས་མང་ཚོགས་རྣམས་ཀྱིས་དྲོད་སྐྱིད་ལྡན་པའི་སྒོ་ནས་དགུན་བསྐྱལ་བར་ཁག་ཐེག་བྱ་ཆེད། གཟི་ཚ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་སྲིད་གཞུང་གི་རྭ་སྐོར་ནང་དུ་ལས་བྱེད་མི་སྣ་རྣམས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་ཉལ་ཐུལ་དང་ཟ་སྣུམ། འབྲས་སོགས་དགུན་བསྐྱལ་བའི་དངོས་པོ་རྣམས་དངོས་སྐྱེལ་རླངས་འཁོར་ནང་དུ་བཞག་ནས། གནོད་ཐེབས་མང་ཚོགས་ལ་བསྐྱལ་བར་མ་ཟད། སྡེ་བ་རེ་རེ་དང་དུད་ཚང་རེ་རེར་རྟོག་ཞིབ་བྱས་ཏེ། ནན་ཏན་གྱིས་རྫོང་ཡོངས་སུ་མང་ཚོགས་རྣམས་ཀྱི་སྡོད་ཁང་བདེ་འཇགས་ཐད་གནས་པའི་མངོན་མེད་རྐྱེན་ངན་དང་དྲོད་སྐྱིད་ལྡན་པའི་སྒོ་ནས་དགུན་བསྐྱལ་བར་དཀའ་ངལ་བ་ཆེ་བ་སོགས་ཀྱི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱས་ཏེ། དུད་ཚང་རེ་དང་རེའུ་མིག་གཅིག གྲོང་ཚོ་གཅིག་དང་ལག་དེབ་གཅིག་བཅས་ཀྱི་བླང་བྱ་ལྟར། དྲོད་ཁོལ་སྐྱེལ་བའི་བྱེད་སྒོ་སྤེལ་ཏེ། དཀའ་ཁག་ཡོད་པའི་མང་ཚོགས་རྣམས་ཀྱིས་དྲོད་སྐྱིད་ལྡན་པའི་སྒོ་ནས་དགུན་བསྐྱལ་བར་འགན་ལེན་བྱས་ཏེ། གནོད་ཐེབས་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོད་ཁོལ་དང་བརྩེ་བ་མྱོང་སུ་བཅུག་པ་རེད། 
        མིག་སྔའི་བར། རྫོང་དམངས་སྲིད་ཅུས་ཀྱིས་ཁྱོན་བསྡོམས་སྲིང་བལ་ཉལ་ཐུལ་2960དང་སྲིལ་བལ་གྱི་ལྭ་བ་དང་དོར་མ་1987  སྲིང་བལ་གྱི་ཉན་གདན་6423 གློག་དྲོད་མལ་ཆས་322 ལྭ་རིང་335བཅས་སྤྲད་པ་དང་། གོམ་སྟབས་རྗེས་མར་རྒྱུན་མཐུད་དུ་གནོད་ཐེབས་མང་ཚོགས་ལ་དུས་ཐོག་ཏུ་དགུན་བསྐྱལ་བར་ཟ་མ་དང་རིགས་སོ་སོའི་རོགས་སྐྱོར་མ་དངུལ་སྤྲད་དེ། གནོད་ཐེབས་མང་ཚོགས་རྣམས་ཀྱིས་དྲོད་སྐྱིད་ལྡན་པའི་སྒོ་ནས་དགུན་བསྐྱལ་བར་ཁག་ཐེག་བྱ་རྒྱུ་རེད། །


  • ལེ་ཚན་སྔོན་མ།:ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་སི་ཁྲོན་འཕེལ་རྒྱས་ཀྱི་མདུན་ལྗོངས་གསར་པ་བཏོད
  • ལེ་ཚན་རྗེས་མ།:བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།