ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་སི་ཁྲོན་འཕེལ་རྒྱས་ཀྱི་མདུན་ལྗོངས་གསར་པ་བཏོད་དགོས།

མཁའ་འགྲོ་མཚོས་བསྒྱུར།        2017-12-13

  ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀོད་སྒྲིག་གལ་ཆེན་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་ཆེད། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པས་དམིགས་ཡུལ་གསལ་བོ་དང་བཀོད་སྒྲིག་གལ་ཆེན་གནང་། དེ་ན་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་འདི་ཅི་ལྟར་སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་སྤེལ་སྐས་རིམ་གསར་པར་འཕེལ་བའི་སྟེང་བསྐྱོད་པར་ལམ་བུ་གསར་པ་ཅི་འདྲ་ཞིག་གཏོད་ཡོད་ཅེ་ན། ང་ཚོས་མཉམ་གཅིག་ཏུ་འབྲེལ་ཡོད་ཀྱི་ཆེད་མཁས་པ་དང་སྡེ་ཁག་གི་འགན་འཁུར་བའི་ལྟ་ཚུལ་སྐོར་ལ་ཅིག་གསན་པར་བྱ།
        ཚང་འཛོམས་གྲོས་ཚོགས་ཐོག སྤུས་ཚད་མཐོར་འདེགས་སུ་གཏང་རྒྱུ་དང་། ཁེ་ཕན་སྔོན་ལ་འཇོག་རྒྱུ་དེ་ཐོག་མའི་གོ་གནས་སུ་བཞག་ནས། མགྱོགས་མྱུར་ངང་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས་ཞེས་ནན་གྱིས་བསྟན། དེ་ལ་ཞིང་ཆེན་ཐབས་ཇུས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སི་ཁྲོན་དགེ་ཐོན་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་ཏིང་རེན་ཀྲོང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་རང་རྒྱལ་གྱི་དཔལ་འབྱོར་དེ་འཕར་ཚད་མགྱོགས་པ་ནས་སྤུས་ཚད་མཐོ་བའི་རིམ་པར་འཕར་སྣོན་འབྱུང་དགོས་ཞེས་བཏོན་པ་ང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་སི་ཁྲོན་དུ་དོན་འཁྱོལ་འབྱུང་བ་མཚོན་པ་དང་། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲེན་ཞིན་ཡུས་ཡིས་སི་ཁྲོན་གྱིས་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་དེ་ཐོག་མའི་གོ་གནས་སུ་འཇོག་པ་དང་། ཧུར་ཐག་གིས་སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་དང་རིམ་འཕར་ཡོང་བར་སྐུལ་འདེད་གཏོང་བ། ཐོན་ལས་གལ་ཆེན་ཁག་རྒྱ་བསྐྱེད་དང་ནུས་ལྡན་གྱིས་བསྒྲུབ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་ལ། ལྷག་པར་དུ་གློག་རྡུལ་ཆ་འཕྲིན་གྱི་ཐོན་ལས་ཁྱབ་ཁོངས་དེ་གལ་ཆེན་ཡིན་པས་སི་ཁྲོན་དུ་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་པོ་འདུག་ཅེས་བསྟན།
        ཚང་འཛོམས་གྲོས་ཚོགས་ཐོག སྐྱེ་ཁམས་རིག་གནས་ཀྱི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་དུ་གཏོང་བ་དང་། མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་བྱེད་པ་དེ་ཇེ་མགྱོགས་སུ་གཏང་དགོས་ཅེས་ནན་གྱིས་བསྟན། པཱ་ཀྲུང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལོ་ཙིང་པིན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་དེ་གསལ་བོར་བཏོན་ལ། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ཡང་གསལ་བོར་བཏོན་པས། པཱ་ཀྲུང་གྲོང་ཁྱེར་གྱིས་མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་རང་ནུས་ཅི་ལྕོག་གིས་ནུས་པ་འདོན་རྒྱུ་ཡིན་ཞེས་བསྟན།
        ཚང་འཛོམས་གྲོས་ཚོགས་ཐོག ནན་གྱིས་དབུལ་བྲལ་འགག་སྒྲོལ་གྱི་དོན་ཆེན་དམ་འཛིན་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་བྱ་བ་བསྒྲུབ་ནས། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སེལ་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་བ་གཞོན་པ། ཞིང་ཆེན་དབུལ་སྐྱོར་ཡུལ་མི་གནས་སྤོ་ཅུས་ཀྱི་འགན་འཛིན་པ་ཅང་ཁྲུའུ་ཡིས། རང་རེའི་ཞིང་ཆེན་གྱིས་ལོ་རེར་དབུལ་ཕོངས་མི་གྲངས་ཁྲི་བརྒྱ་རེ་དབུལ་ཕོངས་ལས་ཐར་དུ་འཇུག་པའི་དམིགས་ཡུལ་ལས་འགན་ལྟར་དབུལ་སེལ་འགག་སྒྲོལ་ལ་རྒྱལ་ཁ་ལོན་པར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན།།


  • ལེ་ཚན་སྔོན་མ།:སི་ཁྲོན་མེན་ཀྲུའུ་གྲོང་ཁྱེར་གྱི་དགོན་པ་ཞིག་ཏུ་མེ་སྐྱོན་བྱུང་བ།
  • ལེ་ཚན་རྗེས་མ།:གཟི་ཚ་སྡེ་དགུའི་གནོད་ཐེབས་མང་ཚོགས་ཀྱི་དགུན་བསྐྱལ་དངོས་ཟོག་ལ་འགན་སྲུང་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།