བོད་ལྗོངས་ཀྱི་སློབ་གསོའི་དམངས་ཕན་སྲིད་ཇུས་ལས་དགེ་སློབ་མི་ཐེངས་ཁྲི152ལྷག་ལ་ཕན་ཐོགས་པ།
ཀྲུང་གོ་བོད་ཀྱི་དྲ་བ། 2015-03-07
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཀྱི་སློབ་གསོ་བྱ་བའི་ཚོགས་འདུ་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན།2014ལོར་བོད་ལྗོངས་ཀྱིས་བསྡོམས་པས་རིགས་སོ་སོའི་མ་དངུལ་རོགས་སྐྱོར་སྲིད་ཇུས་དང་རྣམ་གྲངས37དངོས་འབེབས་བྱས་ཤིང་། སློབ་གསོ་ཐད་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར22.89བཏང་སྟེ་དགེ་སློབ་མི་ཐེངས་ཁྲི152.71ལ་རོགས་སྐྱོར་བྱས།བོད་ལྗོངས་སློབ་གསོ་ཐིན་གྱི་ཐིན་ཀྲང་མ་ཧྲིན་ཁྲེང་གིས་བཤད་རྒྱུར།2014ལོར་བོད་ལྗོངས་ཀྱིས་ལོ15ཡི་རིན་མེད་སློབ་གསོའི་སྲིད་ཇུས་མ་དངུལ་སྒོར་དུང་ཕྱུར4.19དངོས་འབེབས་བྱས་ཤིང་། སློབ་མ་མི་ཐེངས་ཁྲི57.24ལ་ཕན་ཐོགས། “འགན་ལེན་གསུམ”གྱི་སློབ་སྐྱོར་རོགས་དངུལ་སྒོར་དུང་ཕྱུར14.92དངོས་འབེབས་བྱས་ཤིང་།སློབ་མ་མི་ཐེངས་ཁྲི52.5ལ་ཕན་ཐོགས།ཞིང་སྡེའི་འོས་འགན་སློབ་གསོའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར2.31དངོས་འབེབས་བྱས་ཤིང་།སློབ་མ་མི་ཐེངས་ཁྲི38.28ལ་ཕན་ཐོགས།མཐོ་རིམ་སློབ་གསོའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.39དངོས་འབེབས་བྱས་ཏེ།སློབ་མ་མི་ཐེངས་ཁྲི3.64ལ་ཕན་ཐོགས། སྤྱི་ཚོགས་ཀྱི་རོགས་སྐྱོར་མ་དངུལ་རིགས་སོ་སོ་བསྡོམས་པས་སྒོར་ཁྲི693.85དངོས་འབེབས་བྱས་ནས་སློབ་མ་མི་ཐེངས་ཁྲི0.28ལ་ཕན་ཐོགས་ཡོད་ཟེར།རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་བོད་ལྗོངས་ཀྱི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་དེ་སློབ་ཞུགས་སྔོན་གྱི་སློབ་གསོ་ནས་ཞིབ་འཇག་སློབ་མའི་སློབ་གསོ་བར་གྱི་དུས་རིམ་ཡོངས་རྫོགས་ལ་ཁེབས་ཡོད་ཅིང་། 2015ལོར་བོད་ལྗོངས་ཀྱིས་མུ་མཐུད་དུ“འགན་ལེན་གསུམ”གྱི་འཚོ་བཅུད་ལེགས་བཅོས་གཏོང་བའི་ཚད་གཞི་ཇེ་མཐོར་བཏང་སྟེ།ཞིང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། སློབ་གསོའི་དམངས་ཕན་སྲིད་ཇུས་རིགས་སོ་སོ་དངོས་འབེབས་གང་ལེགས་བྱེད་རྒྱུ་རེད། །