ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན།ཀྲུང་དབྱང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས《སྐབས་བཞི་བའི་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དང་། དཔལ་ཡོན་ཞིང་གྲོང་། དཔལ་ཡོན་ལས་ཁུངས་བཅས་ལ་གཟེངས་བསྟོད་བྱེད་པའི་འབྲེལ་ཡོད་ཆོད་དོན》ཁྱབ་བསྒྲགས་བྱས་ཤིང་། བོད་ལྗོངས་ཀྱི་གྲོང་ཁྱེར1དང་། ཞིང་གྲོང11། ལས་ཁུངས34གཟེངས་བསྟོད་ཐོབ་པའི་མིང་ཐོ་རུ་ཚུད་ཡོད་དེ། དེ་མིན་གྲོང་ཁྱེར4ལ་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གྱི་མིང་འཛིན་ཐོབ་ཐང་ཐོབ་ཡོད་པ་རེད། །