ཀྲུང་གོའི་བོད་ལུགས་གསོ་རིག་རིག་གནས་ཐད་ཀྱི་གློག་བརྙན་ཐོག་མ«ཨ་ཕའི་རྩྭ་ཐང»ཞེས་པ་ཐོག་མར་སྟོན་པའི་མཛད་སྒོ་ཟི་ལིང་ནས་བསྡུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2015-02-12

ཀྲུང་གོའི་བོད་ལུགས་གསོ་རིག་རིག་གནས་ཐད་ཀྱི་གློག་བརྙན་ཐོག་མ«ཨ་ཕའི་རྩྭ་ཐང»ཞེས་པ་ཐོག་མར་སྟོན་པའི་མཛད་སྒོ་ཟི་ལིང་ནས་བསྡུས།

            ཀྲུང་གོའི་བོད་ལུགས་གསོ་རིག་རིག་གནས་ཐད་ཀྱི་གློག་བརྙན་ཐོག་མ«ཨ་ཕའི་རྩྭ་ཐང»ཞེས་པ་ཟླ་གཉིས་པའི་ཚེས་དགུ་ཉིན་རྒྱལ་ནང་གི་ཆེས་ཆེ་བའི་བརྙན་རིས་དྲ་ཚིགས་ཨེ་ཆི་དབྱི་དྲ་ཚིགས་སྟེང་གཏོང་མགོ་བརྩམས།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཀྲུང་གོའི་བོད་ལུགས་གསོ་རིག་རིག་གནས་ཐད་ཀྱི་གློག་བརྙན་ཐོག་མ«ཨ་ཕའི་རྩྭ་ཐང»ཞེས་པ་ཐོག་མར་སྟོན་པ་དང་དྲ་ཐོག་ནས་སྟོན་པའི་མཛད་སྒོ་ཟླ་གཉིས་པའི་ཚེས་དགུ་ཉིན་ཟི་ལིང་ནས་བསྡུས།མཛད་སྒོའི་སྟེང་། སྔ་གཞུག་ཏུ་གློག་བརྙན«ཨ་ཕའི་རྩྭ་ཐང»ཞེས་པའི་ཐད་ཀྱི་བཅར་འདྲི་གནས་ཚུལ་དང་སྔོན་བརྡའི་གློག་བརྙན།གློག་བརྙན་ཧྲིལ་བོ་བཅས་བཏང་བ་དང་།གློག་བརྙན་ཐད་ཀྱི་བཅར་འདྲིའི་ཁྲོད།མཚོ་བྱང་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་གསུམ་པོས་ཟུར་སྣ་མི་འདྲ་ས་ནས་བོད་ལུགས་གསོ་རིག་རིག་གནས་དང་བོད་ལུགས་གསོ་རིག་གི་གཞུང་ལུགས། བོད་སྨན་ཁང་གི་འཕེལ་རྒྱས་གནས་ཚུལ་བཅས་ཞིབ་མོར་བཤད།
གློག་བརྙན་བཏང་ཚར་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ། ཧྲང་ཧེ་ཨའོ་ཐི་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་ཟིའི་གཙོ་འཛིན་ཧྲི་ཝུའུ་ཁྲའོ་བཅས་མཉམ་དུ་གློག་བརྙན་དེ་རྒྱལ་ནང་གི་ཆེས་ཆེ་བའི་བརྙན་རིས་དྲ་ཚུགས་ཨེ་ཆི་དབྱི་སྟེང་གཏོང་མགོ་རྩོམ་པའི་མཛད་སྒོར་ཞུགས།རྒྱུས་ལོན་བྱུང་བ་ལྟར་ན། གློག་བརྙན«ཨ་ཕའི་རྩྭ་ཐང»ཞེས་པ་དེ་མཚོ་བྱང་ཁུལ་བོད་སྨན་ཁང་ནས་བརྙན་ལ་ཕབ་པ་དང་།བོད་སྨན་ཁང་གི་ཡོན་ཀྲང་རིན་ཆེན་གཏམ་རྒྱུད་ཀྱི་མ་དཔེ་རུ་བྱས་ནས། མཚོ་བྱང་ཁུལ་དུ་འཚོ་བ་རོལ་བཞིན་པའི་ཧྲང་ཧེའི་ཁྱིམ་ཚང་ཞིག་གི་མི་རབས་གཉིས་ཀྱི་མཚོ་བྱང་ཁུལ་གྱི་མཐོང་ཐོས་མྱོང་གསུམ་བརྒྱུད་དེ།བོད་སྨན་ཁང་གི་ལས་བྱེད་པ་ཚོའི་གཏོང་ཕོད་པའི་སྙིང་སྟོབས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་བྱེད་ཐབས། བོད་ལུགས་གསོ་རིག་རིག་གནས་ཀྱི་ཡུན་རིང་གི་ཤུགས་རྐྱེན་བཅས་ལྟད་མོ་བ་ཚོའི་མིག་ལམ་དུ་མངོན་པར་བྱས་ཡོད།མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་སོགས་འབྲེལ་ཡོད་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་ཕྱོགས་ཀྱི་མགོ་ཁྲིད་གཙོ་བོ་གདན་ཞུ་ལྟར་དུ་གློག་བརྙན་ཐོག་མར་སྟོན་པའི་མཛད་སྒོར་ཞུགས།  ། 
 
  • ལེ་ཚན་སྔོན་མ།:དངོས་བཤུས་གློག་བརྙན《ལྷ་སའི་གཞོན་ནུ》ཞེས་པ་བརྙན་ཕབ་བྱས་ཚར་བ།
  • ལེ་ཚན་རྗེས་མ།:གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་ལས་རིམ་དང་པོའི་བཟོ་སྐྲུན་གྱི་ཡིག་ཚགས་དོ་དམ་བྱ་བར་རྒྱལ་ཁབ་ཀྱིས་ཞིབ་བཤེར་ཚད་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།