དངོས་བཤུས་གློག་བརྙན《ལྷ་སའི་གཞོན་ནུ》ཞེས་པ་བརྙན་ཕབ་བྱས་ཚར་བ།

    མཚོ་སྔོན་པོ་དྲ་བ།    2015-02-12

དངོས་བཤུས་གློག་བརྙན《ལྷ་སའི་གཞོན་ནུ》ཞེས་པ་བརྙན་ཕབ་བྱས་ཚར་བ།

 

མེ་ཆ་གློག་བརྙན་དང་ཐོན་མི་ལོ་ཙཱ་ལས་ཤག་གིས་ཕབ་བསྐྲུན་བྱས་པའི་དངོས་བཤུས་གློག་བརྙན《ལྷ་སའི་གཞོན་ནུ》ཡི་བརྙན་ཕབ་གོ་རིམ་ད་ལྟ་ཡོངས་སུ་མཇུག་རྫོགས་ཏེ།སྒྲིག་སྦྱོར་གྱི་ལས་ལ་བྲེལ་སྒང་ཡིན།མི་འགྱངས་པར་དྲ་ལམ་བརྒྱུད་དེ་རྣམ་པ་ཚོའི་སྤྱན་ལམ་དུ་ཕུལ་རྩིས་ཡོད་པས།རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན།  དངོས་བཤུས་གློག་བརྙན་འདིར་བོད་ཁུལ་གྱི་ས་གནས་སོ་སོ་ནས་ལྷ་སར་ཕེབས་པའི་ན་གཞོན་འགའ་ཞིག་གི་ཉིན་གཅིག་གི་འཚོ་བ་དངོས་ཁུངས་སྣེར་བྱས་ཏེ།ཁོ་ཚོའི་རྒྱུན་ལྡན་གྱི་འཚོ་བ་ལས་སྟོད་ཉི་མ་ལྷ་ས་ཞེས་པའི་གྲོང་ཁྱེར་དེ་ནས་འབད་འབུངས་ཀྱི་གོ་རིམ་དང་།གྲོང་ཁྱེར་གྱིས་ཁོ་ཚོར་གནང་བའི་སེམས་ཚོར།དེ་མིན་འཚོ་བ་དང་མི་ཚེའི་ལྟ་སྟངས་སོགས་མངོན་ཅི་ཐུབ་བྱས་ཡོད།

  • ལེ་ཚན་སྔོན་མ།:མ་སྐྱེས་ཨ་མ་རོལ་ཚོགས་ཀྱི་གཡང་དཀར་སྒྲོལ་མ་དང་པ་སངས་ཟླ་བ་གཉིས་ཀྱི་ཆེད་སྒྲིག་ཐོག་མ་《སྙིང་གཏམ།》འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:ཀྲུང་གོའི་བོད་ལུགས་གསོ་རིག་རིག་གནས་ཐད་ཀྱི་གློག་བརྙན་ཐོག་མ«ཨ་ཕའི་རྩྭ་ཐང»ཞེས་པ་ཐོག་མར་སྟོན་པའི་མཛད་སྒོ་ཟི་ལིང་ནས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།