བོད་ལྗོངས་ཀྱི་རྒན་བགྲེས་རྣམས་ཕན་བདེ་ཁང་དུ་ཚེ་མཇུག་སྐྱིད་པོ་རོལ། 

        2015-02-11

བོད་ལྗོངས་ཀྱི་རྒན་བགྲེས་རྣམས་ཕན་བདེ་ཁང་དུ་ཚེ་མཇུག་སྐྱིད་པོ་རོལ། 

2014ལོར་བོད་ལྗོངས་ཀྱིས་འགན་ལེན་ལྔའི་དུད་ཚང་གཅིག་བསྡུས་བསྙེན་བཀུར་བྱ་རྒྱུའི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི89476སྤྲད་ཡོད། ལྗོངས་ཡོངས་སུ་གཅིག་བསྡུས་བསྙེན་བཀུར་བྱེད་འདོད་ཡོད་པའི་འགན་ལེན་ལྔའི་དུད་ཚང་བརྒྱ་ཆ72ལ་བསྙེན་བཀུར་བྱས་ཡོད། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་མཇུག་བསྡུ་བའི་ལོ་དེར་བོད་ལྗོངས་ཀྱིས་ས་ཁུལ་དང་གྲོང་ཁྱེར་རིམ་པའི་རྒན་བགྲེས་ཀྱི་བདག་སྐྱོང་ཁང7དང་རྫོང་རིམ་པའི་རྒན་བགྲེས་ཀྱི་བདག་སྐྱོང་ཁང10བསྐྲུན་རྒྱུ་ཡིན། དེ་དུས་ལྗོངས་ཡོངས་སུ་གཅིག་བསྡུས་བསྙེན་བཀུར་བྱེད་འདོད་ཡོད་པའི་དུད་ཚང་བརྒྱ་ཆ100ལ་བསྙེན་བཀུར་བྱ་ཐུབ་རྒྱུ་རེད།  
  • ལེ་ཚན་སྔོན་མ།:2014ལོར་རང་རྒྱལ་གྱི་ཡུལ་མིས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར་དུང་ཕྱུར2ལས་བརྒལ་ནས་བརྒྱ་ཆ8དངོས་སུ་འཕར།
  • ལེ་ཚན་རྗེས་མ།:2014ལོར་རང་རྒྱལ་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི1070འཕར།
  • དོ་སྣང་ཆེ་བའི་རྩོམ།