2014ལོར་རང་རྒྱལ་གྱི་ཡུལ་མིས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར་དུང་ཕྱུར2ལས་བརྒལ་ནས་བརྒྱ་ཆ8དངོས་སུ་འཕར།

གངས་སྐྱིད་ཀྱིས་བསྒྱུར།        2015-02-11

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཁང་གི་ཁྱབ་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་དོན།གྲོང་ཁྱེར་དང་གྲོང་རྡལ་གཅིག་བསྡུས་ཅན་གྱི་ཁྱིམ་དུད་ལ་ཞིབ་བཤེར་བྱས་པ་ལྟར་ན། 2014ལོར་རྒྱལ་ཡོངས་ཡུལ་མིའི་མི་རེས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར20167ལ་བསླེབས་ཏེ་ལོ་གོང་མ་ལས་མིང་ཐོག་ནས་བརྒྱ་ཆ10.1འཕར་ཡོད།
རྒྱུན་སྡོད་ས་ཁུལ་བགོས་ནས་བལྟས་ན།གྲོང་རྡལ་ཡུལ་མིས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར28844ལ་བསླེབས་ཏེ་ལོ་གོང་མ་ལས་བརྒྱ་ཆ9.0འཕར་བ་དང་། ཞིང་སྡེའི་ཡུལ་མིས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར10489ལ་བསླེབས་ཏེ་ལོ་གོང་མ་ལས་བརྒྱ་ཆ11.2འཕར། རྒྱལ་ཡོངས་ཡུལ་མིས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར17570ལ་བསླེབས་ཏེ་ལོ་གོང་མ་ལས་མིང་ཐོག་བརྒྱ་ཆ12.4འཕར། གྲངས་ཀའི་མངོན་ཚུལ་ལ་བལྟས་ན། 2014ལོར་གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིའི་ཡོང་འབབ་ཀྱི་ཧེ་བག་སྔར་ལས་ལྷག་པར་ཆུང་དུ་ཕྱིན་ཡོད། ལོ་ཧྲིལ་པོར་ཞིང་སྡེའི་ཡུལ་མིས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་འཕར་ཚད་དངོས་གནས་ཐོག་གྲོང་རྡལ་ཡུལ་མིས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པ་ལས་བརྒྱ་ཆའི་གྲངས་ཀ2.4མགྱོགས། གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་ཀྱི་ལྡབ་ཀྱི་ཧེ་བག2.75ཡིན་པ་དེ་ལོ་གོང་མ་ལས་0.06ཉུང་དུ་ཕྱིན་ཡོད།  2014ལོར་ཞིང་སྡེ་ཡུལ་མིའི་ཆ་སྙོམས་ཀྱི་ཁེ་གཙང་ཡོང་འབབ་ནི9892ཡིན་པ་དེ་རིན་གོང་གི་རྒྱུ་རྐྱེན་ཕུད་དངོས་སུ་བརྒྱ་ཆ9.2འཕར་བ་དང་། ལོ་ཧྲིལ་པོར་ཞིང་པའི་གླ་པའི་བསྡོམས་གྲངས་ཁྲི27395ལ་བསླེབས་ཏེ་ལོ་གོང་མ་ལས་མི་ཁྲི501འཕར་ཞིང་བརྒྱ་ཆ1.9འཕར། དེའི་ནང་ཡུལ་འདི་གའི་ཞིང་པའི་གླ་པ་ཁྲི10574ལ་བསླེབས་ཏེ་བརྒྱ་ཆ2.8འཕར། ཕྱིར་འགྲོ་བའི་ཞིང་པའི་གླ་པའི་མི་གྲངས་ཁྲི16821ལ་བསླེབས་ཏེ་ལོ་གོང་མ་ལས་བརྒྱ་ཆ9.8འཕར་ཡོད་དོ།།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་རླན་སའི་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་གཉིས་པ་ཡིན།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་རྒན་བགྲེས་རྣམས་ཕན་བདེ་ཁང་དུ་ཚེ་མཇུག་སྐྱིད་པོ་རོལ། 
  • དོ་སྣང་ཆེ་བའི་རྩོམ།