མངའ་རིས་ས་ཁུལ་རྩ་མདའ་རྫོང་གིས་ཁྲིམས་འཛིན་ལས་དོན་གྱི་གསོ་སྦྱོང་སྤེལ།

    བོད་ལྗོངས་འཕྲིན་དྲ།    2015-02-09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། མངའ་རིས་ས་ཁུལ་རྩ་མདའ་རྫོང་གིས་རྫོང་སྤྱི་བདེ་ཅུས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་ཅུས་བཅས་ཀྱི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ཏེ་མི་དམངས་འདུམ་འགྲིག་པའི་བཅའ་ཁྲིམས་གསོ་སྦྱོང་བྱས་པར་ཁྱོན་མི30ཞུགས་ཡོད་པ་རེད།
 གསོ་སྦྱོང་ནང་རྫོང་ཁྲིམས་འཛིན་ཅུས་ཀྱི་འགན་ཁུར་བས་ཁྲིམས་འཛིན་ལས་ཀའི་ངོ་བོ་དང་། ལས་ཀའི་འགན་ནུས། མི་དམངས་འདུམ་འགྲིག་འཕེལ་རྒྱས་ཀྱི་ལོ་རྒྱུས། དེ་བཞིན་གལ་ཆེའི་དོན་སྙིང་བཅས་དང་ཟུང་འབྲེལ་བྱས་ནས་ཞིབ་ཕྲའི་དཔེ་མཚོན་གྱི་ཐོག་ནས་ཇི་འདྲ་བྱས་ཏེ། མི་དམངས་འདུམ་འགྲིག་རྩ་འཛུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་དེ་བཞིན་དཔུང་ཁག་འཛུགས་སྐྱོང་དང་། མི་དམངས་འདུམ་འགྲིག་གི་ཡིག་ཆ་ཚད་ལྡན་སྒྲིག་བཟོ། འདུམ་འགྲིག་གི་རྩལ་ནུས་དང་ཁོང་དུ་ཆུད་དགོས་པའི་རྩ་དོན་སོགས་ཀྱི་ཤེས་བྱ་གསལ་འགྲེལ་བྱས་པ་རེད། གསོ་སྦྱོང་ལ་ཞུགས་མཁན་མི་སྣས་སློབ་སྦྱོང་གི་ནང་དོན་རྒྱ་ཆེ་ལ་ཆ་འཕྲིན་མང་བས་ཚང་མའི་ཁྲིམས་འཛིན་ནུས་པ་ཆེ་རུ་ཕྱིན་ནས་སླད་ཕྱིན་ལས་དོན་སྤེལ་རྒྱུར་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ལུགས་བརྗོད་པ་རེད།  །
 
  • ལེ་ཚན་སྔོན་མ།: ཉིས་སྟོང་བཅུ་བཞི་ལོར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཐད་བླངས་པའི་གྲུབ་འབྲས་བཅུ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།