བོད་ལྗོངས་ཀྱིས་དྭ་ཕྲུག་བདག་སྐྱོང་བྱེད་ཚད100%ལ་སླེབས་ཡོད།
ཀྲུང་གོ་བོད་ཀྱི་དྲ་བ། 2015-02-04
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས27ཉིན།བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡེ་རྗེ་ཚུལ་ཁྲིམས་ཀྱིས་ས་གནས་སོ་སོའི་འགན་གཉེར་ཆེད་བཏང་མི་སྣ་གཞོན་པ་དང་མཉམ་དུ《ལྗོངས་ཡོངས་ཀྱི་ལྔ་སྐྱོང་བྱ་ཡུལ་དང་དྭ་ཕྲུག་གཅིག་བསྡུས་ངང་བདག་སྐྱོང་བྱེད་པའི་བྱ་བའི་འགན་ཁྲིད་ཡི་གེ》ལ་གན་རྒྱ་བཞག 2015ལོར། བོད་ལྗོངས་སུ་ལྔ་སྐྱོང་བྱ་ཡུལ་གྱིས་རྫོང་རིམ་པ་ཡན་གྱི་ལྔ་སྐྱོང་བདག་སྐྱོང་ལས་ཁུངས་སུ་བདག་སྐྱོང་བྱེད་འདོད་ཡོད་པ་དང་དྭ་ཕྲུག་གིས་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡན་གྱི་བྱིས་པའི་ཕན་བདེ་ཁང་དུ་གཅིག་བསྡུས་ངང་བདག་སྐྱོང་བྱེད་ཚད་སོ་སོ་ནས100%ལ་སླེབས་ཡོད་པ་རེད།2014ལོར།བོད་ལྗོངས་དམངས་སྲིད་ཐིན་གྱིས་ལྔ་སྐྱོང་བྱ་ཡུལ་གཅིག་བསྡུས་ངང་བདག་སྐྱོང་བྱེད་པའི་རྣམ་གྲངས63དང་བྱིས་པའི་ཕན་བདེ་ཁང་གི་རྣམ་གྲངས7ཞིབ་བཤེར་བྱས་ཤིང་། སོ་སོ་ནས་མ་དངུལ་སྒོར་ཁྲི89476དང་སྒོར་ཁྲི36768བཏང་ཡོད་དེ། ལྔ་སྐྱོང་བྱ་ཡུལ་གཅིག་བསྡུས་ངང་བདག་སྐྱོང་བྱེད་པའི་རྣམ་གྲངས63ཁྲོད། རྣམ་གྲངས49འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། རྣམ་གྲངས20ལེགས་འགྲུབ་བྱུང་། བྱིས་པའི་ཕན་བདེ་ཁང་གི་རྣམ་གྲངས2ལེགས་འགྲུབ་བྱུང་ཡོད། མིག་སྔར་བོད་ལྗོངས་སུ་གཅིག་བསྡུས་ངང་བདག་སྐྱོང་བྱེད་འདོད་ཡོད་པའི་ལྔ་སྐྱོང་བྱ་ཡུལ་ལ་བདག་སྐྱོང་བྱེད་ཚད72%ལ་སླེབས་ཡོད་པ་རེད། །