བོད་ལྗོངས་ཀྱི་སྤུས་ལེགས་སློབ་གསོ་ཐོན་ཁུངས་མཐའ་མཚམས་ས་ཁུལ་ལ་ཁ་ཕྱོགས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2015-02-06

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོར་བོད་རང་སྐྱོང་ལྗོངས་ཀྱིས་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར135བཏང་ནས། མཐའ་མཚམས་ས་ཁུལ་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་འཛུགས་སྐྲུན་ཐད་མ་འཇོག་སྒོར་དུང་ཕྱུར32དོན་འཁྱོལ་བྱས་པ་དེ་ལོ་ཧྲིལ་པོའི་སློབ་གསོའི་གཞི་རྩའི་འཛུགས་སྐྲུན་ཐད་མ་འཇོག་བྱེད་ཚད་ཀྱི88%ཟིན། དེ་དང་ཆབས་ཅིག་རྫོང་ཁོངས་ཀྱི་འགན་ལེན་སློབ་གསོ་དོ་སྙོམས་པོའི་ཐོག་ནས་འཕེལ་རྒྱས་གཏོང་བའི་ལྟ་སྐུལ་མཛུབ་ཁྲིད་དོན་འཁྱོལ་བྱེད་ཐབས་ལ་ཞིབ་བཤེར་བྱས་རྗེས་གཏན་འཁེལ་བཟོས་ནས། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཞིང་འབྲོག་ཁུལ་དང་ཐག་རིང་ལུང་ཁུག མཐའ་མཚམས་ས་ཁུལ་བཅས་ལ་ཁ་ཕྱོགས་ཏེ། ཐག་རིང་ཞིང་འབྲོག་ཁུལ་གྱི་ཕྲུ་གུ་སློབ་གྲྭར་འགྲོ་ཐུབ་པ་མ་ཟད་སློབ་སྦྱོང་ཡག་པོ་བྱེད་ཐུབ་པ་རེད། །
  • ལེ་ཚན་སྔོན་མ།:2015ལོའི་མཚོ་བོད་ལྕགས་ལམ་ཀུང་ཟིས་ལོ་སར་འགྲུལ་བ་སྐྱེལ་འདྲེན་གྱི་སྒོ་ཡོལ་ཕྱེས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཨ་ཀེན་ཐིན་གྱི་ཙུང་ཐུང་ཁི་ལེ་སི་ཏེ་ན་དང་གྲོས་མོལ་མཛད།
  • དོ་སྣང་ཆེ་བའི་རྩོམ།