《བོད་ཀྱི་མཁའ་ཁྱབ 》ཅེས་པའི་པར་ཕུད་བསྟན་པའི་མཛད་སྒོ་འཚོགས་པ།
མི་དམངས་ཉིན་རེའི་ཚགས་པར། 2015-02-04
ལོ་5རིང་གྲ་སྒྲིག་ཞིབ་ཚགས་བྱས་པ་དང་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མཁན་ཨ་ལའེ་ཡིས་འཁྲབ་གཞུང་བརྩམས་པ་དང་།གཞོན་ནུ་འཁྲབ་ཁྲིད་པ་ཕུའུ་ཏུང་ཡུས་ཀྱིས་འཁྲབ་ཁྲིད་བྱས་པ།ཧྲང་ཧའེ་གློག་བརྙན་ཚོགས་པས་བཏོན་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་པར་གཞི་ཆེ་གྲས《བོད་ཀྱི་མཁའ་ཁྱབ》ཞེས་པ་ཚེས་29ཉིན་ལྷ་སར་པར་ཕུད་བསྟན་པའི་མཛད་སྒོ་འཚོགས་པ་རེད།
《བོད་ཀྱི་མཁའ་ཁྱབ》ཞེས་པ་དེས་སྲས་སྐུ་ཞབས་བསྟན་འཛིན་དང་ཞིང་བྲན་ཕུར་བུའི་དབར་གྱི་དགའ་སྡང་གིས་གཙོ་རྐང་བྱས་ནས་བདག་པོ་གཉིས་ལ་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར།སྒྱུར་བཅོས་སྒོ་དབྱེ་བཅས་ཀྱི་དུས་མཚམས་གལ་ཆེན་གསུམ་རིང་མི་སྒེར་གྱི་ལས་དབང་དང་བསམ་བློར་འགྱུར་ལྡོག་བྱུང་བའི་སྐོར་བཤད་ཡོད། ཆུ་ཚོད་གཉིས་ཙམ་རིང་པར་གཞིའི་ནང་བོད་ཀྱི་དེང་རབས་ལོ་རྒྱུས་ཐོག་གི་འགྱུར་ལྡོག་ཆེ་བའི་དུས་གནས་དང་འགྱུར་ལྡོག་ཆེན་པོ་སྙིང་བསྡུས་ཐོག་བསྐྱར་དུ་མངོན་པར་བྱས་ཡོད། དུས་མཚུངས་སུ་པར་གཞི་དེ་བརྒྱུད་ལྟད་མོ་ལྟ་མཁན་གྱིས་བོད་ཀྱི་ཡིད་འོང་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་མཚར་སྡུག་བཀྲ་བའི་བོད་ཀྱི་རིག་གནས་མྱོང་རོལ་བྱེད་ཐུབ།
《བོད་ཀྱི་མཁའ་ཁྱབ》ཞེས་པའི་འཁྲབ་སྟོན་པ་མང་ཆེ་བ་ནི་བོད་རིགས་འཁྲབ་སྟོན་པ་ཡིན་པ་དང་རྦད་དེ་བོད་སྐད་ཡིན་ཞིང་། རྒྱལ་ནང་དུ་ཡོངས་བསྒྲགས་ངང་སྟོན་སྐབས་རྒྱ་ཡིག་བྲིས་ཡོད། པར་གཞི་དེས་མཐོང་ཚོར་གྱི་ནུས་པ་ཆེན་པོ་དང་ཡིད་དབང་འཕྲོག་ཤུགས་ལྡན་པའི་མི་སྣའི་སྒྲུང་གཏམ་གྱི་ཐོག་ནས་དུས་རབས་20པའི་ལོ་རབས་40པ་ནས་ལོ་རབས་80པའི་བར་ཀྲུང་གོའི་བོད་ཀྱི་འགྱུར་ལྡོག་ཆེན་པོ་བསྐྱར་དུ་མངོན་པར་བྱས་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་དོན། 《བོད་ཀྱི་མཁའ་ཁྱབ》ཞེས་པ་དེ་ཡོངས་བསྒྲགས་སུ་བསྟན་པ་ནས་བཟུང་བྱ་དགའ་རྒྱུན་ཆད་མེད་པར་ཐོབ་པ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་སྐབས་བཅུ་གསུམ་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི“གཅིག་རེ་ལྔའི་འདུ་འགོད”ཀྱི་བྱ་དགའ་ཚུད་པའི་བྱ་དགའ་ཆེན་པོ་མང་པོ་ཐོབ་ཡོད།