བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2015-01-27
ཀྲེ་ཅང་སློབ་ཆེན་རྒྱ་བོད་ནང་བསྟན་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།
ཟླ1པོའི་ཚེས20ཉིན། ཀྲེ་ཅང་སློབ་ཆེན་རྒྱ་བོད་ནང་བསྟན་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་དངོས་སུ་བཀལ་ཞིང་། 《རྒྱ་བོད་དང་མི་རིགས་མང་པོའི་ཆོས་ལུགས་སྒྱུ་རྩལ་ལོ་རྒྱུས་ཞིབ་འཇུག》ཅེས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་ནས། གཙོ་བོ་སུང་ཞཱ་རྒྱལ་རབས་དང་། བོད་བཙན་པོའི་རྒྱལ་རབས། ཡོན་རྒྱལ་རབས། མིང་ཆིང་རྒྱལ་རབས་བཅས་ཀྱི་སྐབས་སུ་རྒྱ་བོད་ང་མི་རིགས་མང་པོའི་ཆོས་ལུགས་སྒྱུ་རྩལ་བར་གྱི་འགྱུར་བ་དང་། མཉམ་འདྲེས། བསྒྱུར་བཅོས་བྱུང་བའི་སྐོར་བགྲོ་གླེང་བྱས།
2014ལོའི་ཟླ9པའི་ཚེས25ཉིནཀྲེ་ཅང་སློབ་ཆེན་གྱིས་ཀྲེ་ཅང་སློབ་ཆེན་རྒྱ་བོད་ནང་བསྟན་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་འཛུགས་པར་ཆོག་མཆན་གནང་བ་དང་། གཞུང་སྒྲུབ་ས་གནས་ཀྲེ་ཅང་སློབ་ཆེན་དུ་བཙུགས་ཡོད་པ་རེད།
རྒྱ་བོད་ནང་བསྟན་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་དངོས་སུ་བཙུགས་པ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10