པདྨ་ཚེ་རིང་། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན། 2015-01-21
མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱིས་རོགས་སྒྲུབ་མཛད་ཅིང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་བརྙན་འཕྲིན་གྱིས་གཙོ་སྒྲུབ་གནང་བའི༼མེ་ཏོག་གངས་ལྷ༽རྟགས་མའི་ན་ཆུང་བྱིས་པའི་གླུ་ལེན་འགྲན་ཚོགས་སྐབས་དང་པོ་དེ་2015ལོའི་ཟླ1པོའི་ཚེས14ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་གཟབ་རྒྱས་ངང་བསྡུས།
ཐེངས་འདིའི་སྤྲོ་ཚོགས་སྟེང་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ནས་ཡོང་བའི་བོད་ཁུལ་གྱི་ན་ཆུང་གཞས་པ་གཞས་མ15ལྷག་གིས་གླུ་དབྱངས་དང་དཀྲོལ་ལེན་སོགས་འགྲན་སྡུར་བརྩམས་ཆོས་གྱ་ནོམ་པ་ཞིག་ཁྱེར་ཏེ་འགྲན་སྡུར་དུ་ཞུགས། འགྲན་སྡུར་གྱི་གོ་རིམ་ལྟར་ཐོག་མའི་འགྲན་སྡུར་དང་རྟིང་རྩོད་འགྲན་སྡུར་བརྒྱུད་འགྲན་ཞུགས་མི་སྣ་བཅུ་མཇུག་མཐའི་རྟིང་རྩོད་འགྲན་སྡུར་དུ་བདམས་ཐོན་བྱུང་།
འགྲན་ཞུགས་པ་ཚོའི་གདོང་གི་འཛུམ་མདངས་ཀྱིས་ཀུན་གྱི་མིག་དབང་ཅིག་ཅར་འཕྲོག་ལ། དབྱངས་ཅན་ངག་ལས་འཕྲོས་བའི་འགྱུར་དབྱངས་ཀྱིས་ལྟ་མཁན་མང་པོའི་སྙན་དབང་ལྷུག་པོར་གསོས། ཐེངས་འདིའི་ན་ཆུང་བྱིས་པའི་གླུ་ལེན་འགྲན་ཚོགས་ཀྱི་དཔྱད་འདེམ་པ་སྟེ་དབྱངས་རྩོམ་མཁན་གྲགས་ཅན་རྒན་བསང་བདག་དང་མདོ་འཛིན་གྲགས་ཅན་ཚེ་མགོན། གཞས་མ་གྲགས་ཅན་རིག་འཛིན་སྒྲོལ་མ་གསུམ་གྱིས་རིམ་བཞིན་འགྲན་ཞུགས་མི་སྣ་རེ་རེའི་གར་སྟེགས་སྟེང་གི་འཁྲབ་སྟོན་ཉམས་འགྱུར་དང་། གཞས་ཚིག་དང་གཞས་དབྱངས་ཀྱི་ཆར་ཆེད་ལས་རང་བཞིན་གྱིས་ཚད་མཐོ་བའི་ངང་ནས་གདེང་འཇོག་མཛད་པར་མ་ཟད། མ་འོངས་པའི་གླུ་གཞས་སྒྱུ་རྩལ་གྱི་བགྲོད་ལམ་སྟེང་མཉམ་འཇོག་བྱ་དགོས་པ་དང་བཅོས་སྒྱུར་བྱ་དགོས་པའི་སྐོར་གྱི་ཉམས་མྱོང་དང་བསླབ་བྱ་གང་མང་གནང་།
ཛ་དྲག་གི་ཐོག་མའི་འགྲན་སྡུར་དང་རྟིང་རྩོད་འགྲན་སྡུར་གྱི་གོ་རིམ་བརྒྱུད། མཇུག་མཐའི་ཐོབ་སྐར་གྱི་མཐོ་དམན་ལྟར། བྱ་དགའ་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གསུམ། ཨང་གསུམ་པ་གཉིས། ཕུལ་བྱུང་བྱ་དགའ་ཐོབ་མཁན་དགུ་བཅས་ལ་བྱ་དགའ་གནང་།ན་ཆུང་གཞས་པ་གཞས་མ་ཚོས་ལང་ཚོའི་གསོན་ཤུགས་དང་རེ་བས་ཁེངས་པའི་རྨི་ལམ་དང་ཡིད་ཆེས་ཀྱིས་ཡོངས་སུ་ཕྱུག་པའི་ཐེངས་འདིའི་འགྲན་ཚོགས་འདིས་གླུ་གར་སྒྱུ་རྩལ་ལ་དུང་ཞེན་ཆེ་བའི་ན་ཆུང་བྱིས་པ་དག་ལ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་སའི་གར་སྟེགས་བཟང་བོ་ཞིག་བསྐྲུན་ཡོད་པར་མ་ཟད། ན་ཆུང་བྱིས་པའི་གླུ་གར་སྒྱུ་རྩལ་ཡར་རྒྱས་གོང་འཕེལ་དུ་གཏོང་བར་ནུས་པ་ཐོན་ངེས།
གླུ་གཞས་འགྲན་ཚོགས་ཀྱི་ཡུལ་དངོས།
མདོ་འཛིན་པ་ཚེ་སྒྲོན་དང་ན་ཆུང་གཞས་པ་རིན་ཆེན་རྡོ་རྗེ་དང་གཞས་མ་ལས་དབང་ལྷ་མོ་གསུམ་གྱི་མཉམ་ལེན་ཁྲོད་ནས་འགྲན་སྡུར་དངོས་སུ་མགོ་བརྩམས་བྱུང་།
ཐེངས་འདིའི་འགྲན་ཚོགས་ཀྱི་མདོ་འཛིན་པ་ཚེ་སྒྲོན།
འབྲེལ་ཡོད་འགོ་ཁྲིད་ཀྱིས་འགྲན་ཚོགས་ཡུལ་དངོས་ན་གཟིགས་ཞིབ་བྱེད་བཞིན་པ།
འགྲན་ཚོགས་སྟེང་ཕེབས་པའི་ལྟད་མོ་བའི་ཚོགས།
ཐེངས་འདིའི་འགྲན་ཚོགས་ཀྱི་དཔྱད་འདེམ་པ་གསུམ་སྟེ་དབྱངས་རྩོམ་མཁན་གྲགས་ཅན་རྒན་བསང་བདག་དང་མདོ་འཛིན་པ་གྲགས་ཅན་ཚེ་མགོན།གཞས་མ་གྲགས་ཅན་རིག་འཛིན་སྒྲོལ་མ།
ཞོན་ཧྭ་ས་ཆའི་འགྲན་ཞུགས་པ་ཆུང་ཆུང་གཡང་འཛིན་ལྷ་མོ།
རེབ་གོང་གི་གླུ་བ་ཆུང་ཆུང་བློ་བཟང་བཀྲ་ཤིས།
གཅན་ཚའི་གཞས་མ་ཆུང་ཆུང་བསྟན་འཛིན་དབང་མོ།
དཔྱད་འདེམ་པས་དཔྱད་འཇོག་མཛད་བཞིན་པ།
རྩེ་ཁོག་གི་རྡུང་ལེན་པ་ཆུང་ཆུང་པདྨ་སྐྱབས།
ཁྲི་ཀའི་ཡུལ་གྱི་གཞས་མ་ཆུང་ཆུང་ལྷུན་འགྲུབ་འཚོ།
ཁྲི་ཀའི་ཡུལ་གྱི་གཞས་མ་ཆུང་ཆུང་འབྲུག་མཚོ་སྐྱིད།
ལོ་ན་དྲུག་ལས་མེད་པའི་གཞས་མ་ཆུང་ཆུང་ཟླ་བ་གཡང་འཛོམས།
འགྲན་ཚོགས་ཀྱི་ཡུལ་དངོས་གཉིས་པ་རུ་མདོ་འཛིན་པས་འགྲན་ཞུགས་མི་སྣའི་ཁྱིམ་མི་དང་ལྷན་དུ་འགྲན་སྡུར་ཡུལ་དངོས་ཀྱི་བརྙན་རིས་དང་འབྲེལ་ཏེ་འགྲན་སྡུར་སྐོར་གྱི་ལབ་གླེང་བྱེད་བཞིན་པ།
ཞིན་ཧེ་གཡང་ལྡན་ཕྱུག་མོ་ནས་ཕེབས་པའི་གཞས་མ་ཆུང་ཆུང་སྒྲོལ་མ་འཚོ།
ཐུན་ཏེ་རྫོང་གི་གཞས་པ་ཆུང་ཆུང་རིན་ཆེན་རྣམ་རྒྱལ།
དཔྱད་འདེམ་པའི་དཔྱད་གཏམ་ལ་ཉན་བཞིན་པའི་ཚུལ།
ཐུན་ཏེ་ནས་ཐོན་པའི་དཀྲོལ་ལེན་པ་ཆུང་ཆུང་དོན་འགྲུབ་ཚེ་རིང་།
བསང་ཆུའི་གཞས་པ་ཆུང་ཆུང་པདྨ་ཚེ་རིང་།
བསང་ཆུ་ནས་ཐོན་པའི་འགྲན་ཞུགས་པ་ཆུང་ཆུང་འབྲུག་མོ་འཚོ།
རྔ་བ་ནས་ཐོན་པའི་བུ་ཆུང་བསྟན་འཛིན་ཆོས་རྒྱལ།
ཆུ་དམར་ལེབ་ནས་ཐོན་པའི་གཞས་པ་ཆུང་ཆུང་ཚེ་རིང་དཔལ་འབར།
མཛོད་དགེའི་གཞས་མ་ཆུང་ཆུང་སེང་གདོང་འཚོ།
གསར་སྐྱེས་གླུ་བ་ཆུང་ཆུང་རིན་ཆེན་རྡོ་རྗེ་ཡིས་གཞས་སྙན་ངག་ལ་འགུགས་པ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐའེ་ཀྲང་གཞོན་པ་རྣ་བྷ་ཡིས་བྱ་དགའ་ཨང་དང་པོ་ཐོབ་མཁན་བསང་ཆུ་ནས་ཐོན་པའི་གཞས་མ་ཆུང་ཆུང་འབྲུག་མོ་འཚོ་ལ་བྱ་དགའ་གནང་བཞིན་པ།
བྱ་དགའ་ཨང་གཉིས་པ་ཐོབ་མཁན་གྱི་ཆུ་དམར་ལེབ་ཀྱི་གཞས་པ་ཆུང་ཆུང་ཚེ་རིང་དཔལ་འབར་དང་། ཞིན་ཧེ་ནས་ཐོན་པའི་གཞས་མ་ཆུང་ཆུང་སྒྲོལ་མ་འཚོ། ཞོན་ཧྭ་ཡུལ་གྱི་གཞས་མ་ཆུང་ཆུང་གཡང་འཛིན་ལྷ་མོ་གསུམ་ལ་བྱ་དགའ་གནང་བ།
བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་གཞས་པ་ཆུང་ཆུང་པདྨ་སྐྱབས་དང་བསྟན་འཛིན་དབང་མོ་གཉིས་ལ་བྱ་དགའ་གནང་བཞིན་པ།
ཕུལ་བྱུང་བྱ་དགའ་ཐོབ་མཁན་དག་ལ་བྱ་དགའ་གནང་བཞིན་པ།
བྱ་དགའ་ཨང་དང་པོ་ཐོབ་མཁན་འབྲུག་མོ་འཚོ།
བྱ་དགའ་ཨང་གཉིས་པ་ཐོབ་མཁན་ཚེ་རིང་དཔལ་འབར་དང་སྒྲོལ་མ་འཚོ། གཡང་འཛིན་ལྷ་མོ།
བྱ་དགའ་ཨང་གསུམ་པ་ཐོབ་མཁན་པདྨ་སྐྱབས་དང་བསྟན་འཛིན་དབང་མོ།
ཕུལ་བྱུང་བྱ་དགའ་ཐོབ་མཁན་རྣམས་ཀྱི་མཉམ་པར།
འགྲན་ཞུགས་མི་སྣ་ཡོངས་ཀྱི་མཉམ་པར།
མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི༼མེ་ཏོག་གངས་ལྷ༽རྟགས་མའི་ན་ཆུང་བྱིས་པའི་གླུ་ལེན་འགྲན་ཚོགས་བདེ་བླག་ངང་མཇུག་རྫོགས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10