ཉེ་བའི་ལོ་ཤས་རིང་ཆབ་མདོ་ས་ཁུལ་གྱིས་ལྷོ་རོང་རྫོང“ལྷོ་རྫོང”རྟགས་ཅན་གྱི་རྩམ་པའི་ཐོན་ལས་ལྟེ་བར་འཛིན་པ་དང་ས་ཞིང་ཁོད་སྙོམས་པ་དང་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཞིང་ཐོན་ཁུངས་ཀྱི་དགེ་མཚན་གང་ལེགས་སྤྱད་དེ་མ་དངུལ་སྒོར་ཁྲི4270བསྡུ་རུབ་བྱས་ནས་ལྷོ་རོང་དང་། དཔལ་འབར། སྟེང་ཆེན། ཆབ་མདོ་སོགས་རྫོང་དུ་སྤུས་ལེགས་ནས་འདེབས་འཛུགས་ཀྱི་རྟེན་གཞི་མུའུ་ཁྲི10ལྷག་ཙམ་བསྐྲུན་པས་ལོར་སྤུས་ལེགས་ནས་རྒྱ་མ་ཁྲི1500ལྷག་ཙམ་ཐོན་སྐྱེད་ཐུབ་ཡོད། བཟོ་གྲྭ་དང་། རྟེན་གཞི། ཞིང་དུད་བཅས་ཟུང་འབྲེལ་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་སྤྱད་པ་མ་ཟད། འདེབས་འཛུགས་ཁྱིམ་ཚང་ལ་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་སྟེ་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པས་ལོར་ཐོན་རྫས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར1.2ཟིན་ཞིང་།