རང་རྒྱལ་གྱིས་ཚན་པ་དང་པོའི་སྐྱེ་ཁམས་དཔལ་ཡོན་གྱི་སྣེ་ཁྲིད་དཔེ་སྟོན་ཁུལ་བསྐྲུན་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2014-08-05

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ7པའི་ཚེས28ཉིན་འབྱོར་བའི་གཏམ་གསར།  རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་སོགས་ལས་ཁུངས་དྲུག་གིས་ཉེ་དུས་མཉམ་དུ《སྐྱེ་ཁམས་དཔལ་ཡོན་གྱི་སྣེ་ཁྲིད་དཔེ་སྟོན་ཁུལ་(ཚན་པ་དང་པོ)བསྐྲུན་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་སྟེ།  པེ་ཅིན་གྲོང་ཁྱེར་སྨི་་ཡུས་རྫོང་སོགས་ཚན་པ་དང་པོའི་སྐྱེ་ཁམས་དཔལ་ཡོན་གྱི་སྣེ་ཁྲིད་དཔེ་སྟོན་ཁུལ57དེ་ལམ་ལུགས་གསར་སྐྲུན་བྱ་རྒྱུས་ལས་འགན་གཙོ་བོ་བྱས་ཡོད།  ཡུལ་དེ་གའི་སྐྱེ་ཁམས་དཔལ་ཡོན་སྐྲུན་པར་ཚོད་འཛིན་ཐེབས་པའི་འགལ་རྐྱེན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་གོང་འཕེལ་ཆེན་པོ་ཡོང་གང་ཐུབ་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་པ་རེད།
ན་ལོའི་ཟླ་བ12པར།  འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་སོགས་ལས་ཁུངས་དྲུག་གིས《སྐྱེ་ཁམས་དཔལ་ཡོན་གྱི་སྣེ་ཁྲིད་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་འཆར་གཞི(ཚོད་ལྟ་ལག་ལེན།)》པར་སྐྲུན་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་སྣེ་ཁྲིད་ས་ཁུལ་སྐྲུན་རྒྱུའི་ལས་ཀ་སྤེལ་འགོ་བཙུགས་ཡོད།  འཆར་གཞིའི་ནང་དམིགས་ཡུལ་རྣམ་གྲངས་མང་པོ་བཏོན་ཡོད་པའི་ནང་ལོ5ཡས་མས་ལ་འབད་བརྩོན་བྱས་པར་བརྒྱུད།  སྣེ་ཁྲིད་དཔེ་སྟོན་ཁུལ་གྱི་ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་།སོལ་གྱི་དམིགས་ཚད་མར་ཆག་ཚད་གོང་རིམ་གྱིས་ཚོད་འཛིན་རང་བཞིན་བྱ་རྒྱུའི་དམིགས་ཚད་ལས་དམའ་དགོས་པ་དང་།  ནགས་ཚལ་དང་།  རྩྭ་ཐང་།  མཚེའུ།  རློན་ས་སོགས་ཀྱི་གཞི་ཁྱོན་རིམ་བཞིན་འཕར་སྣོན་དང་སྤུས་ཀ་རིམ་བཞིན་མཐོ་རུ་གཏང་རྒྱུ་འདུས་པའི་ས་ཆུ་ཤོར་བ་དང་བྱེ་འགྱུར་གྱི་གཞི་ཁྱོན་མངོན་གསལ་དུ་ཆུང་དུ་བཏང་ནས་རྨོ་ཞིང་གི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བར་བརྟེན།འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུའི་དཔེ་སྟོན་རྣམ་པ་ཆགས་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད་པ་རེད། 
  • ལེ་ཚན་སྔོན་མ།:ནང་སོག་གིས་དེང་རབས་ཀྱི་སྒྲིག་སྦྱོར་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མགྱོ གས་སུ་གཏོང་བར་རྒྱབ་སྐྱོར་བྱས།
  • ལེ་ཚན་རྗེས་མ།:ལྷོ་རོང་རྩམ་པའི་དྲི་ཞིམ་བོད་ཤར་ཡོངས་སུ་ཁྱབ།
  • དོ་སྣང་ཆེ་བའི་རྩོམ།