ནང་སོག་གིས་དེང་རབས་ཀྱི་སྒྲིག་སྦྱོར་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མགྱོ གས་སུ་གཏོང་བར་རྒྱབ་སྐྱོར་བྱས།

མིག་དམར་གྱིས་བསྒྱུར།        2014-08-04

ཞིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་འབྱོར་བའི་གཏམ་གསར། ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་རྒྱུར། ནང་སོག་རང་སྐྱོང་ལྗོངས་དེ་རྒྱལ་ཡོངས་ཀྱི་དེང་རབས་སྒྲིག་སྦྱོར་བཟོ་སྐྲུན་ལས་རིགས་ཀྱི་གནས་གཞིར་འཛུགས་སྐྲུན་མགྱོ གས་པོ་བྱེད་ཆེད། འབྲེལ་ཡོད་སྡེ་ཁག་གིས་《དེང་རབས་ཀྱི་སྒྲིག་སྦྱོར་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཇེ་མགྱོ གས་སུ་གཏོང་བར་སྔར་ལྷག་གིས་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་དུ་མ》དངོས་སུ་བཏོན་པ་རེད།   ཁྲལ་བསྡུའི་དངུལ་རྩ།ནོར་སྲིད་ཀྱིས་རྒྱབ་སྐྱོར།  ས་ཞིང་བེད་སྤྱོད། ཐོན་ཁུངས་བཀོད་སྒྲིག  ལག་རྩལ་གསར་སྐྲུན། ཚོང་ར་ཁྱབ་གདལ་དང་དེ་བཞིནའཕེལ་རྒྱས་ཀྱི་ཁོར་ཡུག་སོགས་ཀྱི་ཐད་ལ་གྲོས་གཞི་དང་བྱེད་ཐབས་བཏོན་ནས་དེང་རབས་ཀྱི་སྒྲིག་སྦྱོར་བཟོ་སྐྲུན་ལས་རིགས་དེ་བས་ལེགས་པ་དང་དེ་ལས་མགྱོ གས་པའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཏང་བ་རེད།
      ཁྲལ་བསྡུའི་དངུལ་རྩ་ཐད་ལ་མཚོན་ན། ནང་སོག་གི་བཟོ་ལས་སྡེ་ཁུལ་གཙོ་གནད་དང་བསྡུས་འདུས་ཁུལ་དུ་གསར་དུ་བསྐྲུན་ཞིང་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་དང་མཐུན་པའི་དེང་རབས་སྒྲིག་སྦྱོར་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ནང་རྡོ་སོལ་དང་ཐོན་ཁུངས་གཞན་དག་བཀོད་སྒྲིག་བྱེད་པའི་སྲིད་ཇུས་ལོངས་སུ་སྤྱད་པའི་ཁེ་ལས་ཕུད། ཐོན་སྐྱེད་བདག་གཉེར་གྱི་ཡོང་འབབ་དང་པོ་ཁྲལ་འཇལ་བའི་ལོ་འཁོར་ནས་བཟུང་ལོ་དང་པོ་ནས་ལོ་གཉིས་པའི་བར་རྣམ་གྲངས་ལག་ལེན་བསྟར་མཁན་ཁེ་ལས་ལ་ཐོབ་པའི་དཔྱ་ཁྲལ་ནང་ས་གནས་ཀྱིས་མཉམ་སྤྱོད་བྱ་རྒྱུའི་ཆ་ཤས་དེ་རྩ་ཆག་གཏང་རྒྱུ་ཡིན་པ། ལོ་གསུམ་ནས་ལོ་ལྔའི་བར་ཐོབ་ཁྲལ་གྱི་ཕྱེད་ཀ་རྩ་ཆག་གཏང་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་བརྒྱད་གཅིག་དམག་འཛུགས་དུས་ཆེན་སྔོན་དུ་ཧུའུ་ཅན་དུ་བཅའ་སྡོད་བྱེད་པའི་དཔོན་དམག་ཚོར་འཚམས་འདྲི་གནང་།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་ཚན་པ་དང་པོའི་སྐྱེ་ཁམས་དཔལ་ཡོན་གྱི་སྣེ་ཁྲིད་དཔེ་སྟོན་ཁུལ་བསྐྲུན་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།