འགན་སྲུང་སྡོད་ཁང་གིས་མཚོ་སྔོན་གྱི་ཡོང་འབབ་དམའ་བའི་དུད་ཚང་ཁྲི24ལ་ཕན་ཐོབ།

གངས་སྐྱིད་ཀྱིས་བསྒྱུར།        2015-01-19

 ཞིན་ཧྭ་གསར་འགྱུར་ཁང་ཟིང་ལི་ནས་ཟླ་བ་དང་པོའི་ཚེས12ཉིན་འབྱོར་བའི་གཏམ་གསར། མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། 2008ལོ་ནས་འགན་སྲུང་རང་བཞིན་གྱི་བདེ་སྡོད་ཁང་གི་ཨར་ལས་ལག་ལེན་བསྟར་བ་ནས2014ལོའི་བར་མཚོ་སྔོན་ཞིང་ཆེན་གྲོང་རྡལ་གྱི་ཡོང་འབབ་དམའ་བ་དང་འབྲིང་བའི་དཀའ་ངལ་ཡོད་པའི་དུད་ཚང་ཁྲི24ཡིས་རིགས་སོ་སོའི་འགན་སྲུང་སྡོད་ཁང་ནང་སྤོས་ཏེ་སྡོད་སའི་ཆ་རྐྱེན་ལེགས་བཅོས་ཐོབ་ཡོད།
    2014ལོར་མཚོ་སྔོན་ཞིང་ཆེན་གྱིས་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་གསར་པ་ཁྲི11.05བཞེངས་འགོ་བཙུགས་ཏེ་སྡོད་ཁང་ཁྲི8.09བཀབ་ཟིན་པ་དང་དུད་ཚང་ཁྲི7.58སྡོད་ཁང་གསར་པའི་ནང་སྤོས་ཡོད། དེ་དུས་མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་སྤྱིལ་ཁྱིམ་ལེགས་བཅོས་བྱེད་བཞིན་པའི་སྡོད་ཁང་ཁྲི45ཡོད་ཅིང་གཞི་རྩའི་ཐོག་སྡོད་ཁང་ཁྲི36བསྐྲུན་ཟིན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱིལ་ཁང་ལེགས་བཅོས་བྱ་རྒྱུས་གཙོ་གནད་བྱ་རྒྱུ་དང་། དགོས་མཁོ་ལྟར་སྤྱི་པའི་གླ་ཁང་བསྐྲུན་པར་བཀོད་སྒྲིག་བྱ་རྒྱུ་ཡིན་ལ་རིགས་སོ་སོའི་སྤྱིལ་ཁང་སྡེ་ཁུལ་གྱི་དུད་ཚང་ཁྲི5.5ཡི་སྡོད་ཁང་ལེགས་བཅོས་བྱ་རྒྱུ་དང་། སྤྱི་པའི་གླ་ཁང་ཁྲི2བསྐྲུན་རྒྱུའི་འཆར་གཞི་བཞག་ཡོད།ཅེས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་སྡོད་ཁང་བཅོས་བསྒྱུར་དང་འགན་སྲུང་ཁྲུའུ་ཡི་ཁྲུའུ་ཀྲང་རན་ཞན་ཧྲན་གྱིས་དེ་ལྟར་བཤད།
    ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྡོད་ཁང་འགན་སྲུང་བྱ་རྒྱུའི་ལས་ཀའི་གཙོ་གནད་དེ་འཛུགས་སྐྲུན་གཙོ་བོར་བྱེད་པ་ནས་འཛུགས་སྐྲུན་དང་དོ་དམ་མཉམ་དུ་་བྱ་རྒྱུར་ཁ་ཕྱོགས་ཏེ་སྔར་ལས་ལྷག་པར་འགན་སྲུང་རང་བཞིན་གྱི་སྡོད་ཁང་སྐྲུན་པ་དང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའོ།། 
  • ལེ་ཚན་སྔོན་མ།: རང་རྒྱལ་གྱིས་ཞིང་ཆེན27དུ་ནད་ཆེན་ཉེན་འགོག་ལས་ཀ་སྤེལ་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་དུང་ཕྱུར6.5ལ་ཕན་ཐོགས།
  • ལེ་ཚན་རྗེས་མ།: སྣར་ཐང་པར་གཞིའི་བསྟན་འགྱུར་གྱི་དཔར་ཤིང་ཁྲི7ལྷག་བརྐོས།
  • དོ་སྣང་ཆེ་བའི་རྩོམ།