སྣར་ཐང་པར་གཞིའི་བསྟན་འགྱུར་གྱི་དཔར་ཤིང་ཁྲི7ལྷག་བརྐོས།

        2015-01-19

སྣར་ཐང་པར་གཞིའི་བསྟན་འགྱུར་གྱི་དཔར་ཤིང་ཁྲི7ལྷག་བརྐོས།

མི་དམངས་དྲ་བའི་འཕྲིན། རྒྱུས་ལོན་བྱུང་བ་ལྟར་ན། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པས་བཀའ་བསྟན་མྱུར་སྐྱོབ་དང་དཔར་སྐྲུན། འགྲེམ་སྤེལ་གྱི་བྱ་བ་ཧུར་ཐག་གིས་བསྒྲུབས་པར་བརྟེན། མིག་སྔའི་བར་སྣར་ཐང་པར་གཞིའི་བསྟན་འགྱུར་གྱི་དཔར་ཤིང་ཁྲི7ལྷག་བརྐོས་ནས་ཞུ་དག་དང་སྒྲིག་དཔར་གྱི་བྱ་བའང་བསྒྲུབས་ཚར་པ་རེད།
    སྣར་ཐང་དཔར་ཁང་ནི་གཞིས་རྩེའི་སྣར་ཐང་དགོན་དུ་ཡོད་ལ། བོད་ལྗོངས་ཀྱི་ཆེས་སྔ་བའི་དཔར་ཁང་རེད། དེ་ནི་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་བཀའ་ལྟར་བསྟན་འགྱུར་པར་དུ་བསྐྲུན་པའི་ཆེད་དུ་བསྐྲུན་པ་རེད། 
  • ལེ་ཚན་སྔོན་མ།: འགན་སྲུང་སྡོད་ཁང་གིས་མཚོ་སྔོན་གྱི་ཡོང་འབབ་དམའ་བའི་དུད་ཚང་ཁྲི24ལ་ཕན་ཐོབ།
  • ལེ་ཚན་རྗེས་མ།: བོད་ལྗོངས་རྒྱལ་རྩེའི་ལོ་ངོ་སྟོང་ནས་བརྒྱུད་པའི་ཁ་གདན་གྱི་བཟོ་རྩལ་དེ་ཁེ་ལས་ཅན་གྱི་ཐོན་སྐྱེད་ལམ་དུ་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།