རང་རྒྱལ་གྱིས་ཞིང་ཆེན27དུ་ནད་ཆེན་ཉེན་འགོག་ལས་ཀ་སྤེལ་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་དུང་ཕྱུར6.5ལ་ཕན་ཐོགས།

མིག་དམར་གྱིས་བསྒྱུར།        2015-01-19

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཉེ་ཆར་འབྱོར་བའི་གཏམ་གསར། རྒྱལ་ཁབ་འཕྲོད་བསྟེན་ཅུས་ཀྱིས་ཉེ་ཆར་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ནད་ཆེན་ཉེན་འགོག་ལས་ཀར་སྐུལ་འདེད་བྱེད་བཞིན་ཡོད་ཅིང་། ད་ལོའི་དུས་ཚིགས་གསུམ་པའི་བར་དུ། ཁྱོན་བསྡོམས་ཉེན་འགོག་སྤྱི་གཉེར་ཁང13གྱིས་རྒྱལ་ཡོངས་ཞིང་ཆེན27(ལྗོངས་དང་གྲོང་ཁྱེར)གྱི་གཅིག་འགྱུར་འཆར་འགོད་ཀྱི་ས་ཁུལ373ལ་ནད་ཆེན་ཉེན་འགོག་ལས་ཀ་སྤེལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་དུང་ཕྱུར6.5ལ་ཕན་ཐོགས་པ་རེད།
    རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་གསར་འགོད་འཆད་སྒྲོག་པ་སུང་ཧྲུའུ་ལིས་བཤད་དོན། 2012ལོའི་ཟླ་བ8པར་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་དང་སྔོན་གྱི་འཕྲོད་བསྟེན་སྡེ་ཁག་སོགས་སྡེ་ཁག་དྲུག་གིས་མཉམ་དུ《གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ནད་ཆེན་ཉེན་འགོག་ལས་ཀ་སྤེལ་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》པར་འགྲེམས་བྱས་ཤིང་། ད་ལོའི་ཟླ་བ་དང་པོའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་གཞུང་ལས་ཁང་གི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ནད་ཆེན་ཉེན་འགོག་ལས་ཀ་མགྱོ གས་མྱུར་སྤེལ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་ཤིང་། མིག་སྔར་ཞིང་ཆེན་ཡོངས་ཀྱིས་ཞིང་ཆེན་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ནད་ཆེན་ཉེན་འགོག་བྱ་རྒྱུའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་དང་། དེའི་ནང་པེ་ཅིན་སོགས་ཞིང་ཆེན10ཡིས་ལས་ཀ་དེ་ཁྱོན་ཡོངས་ནས་སྤེལ་ཡོད་པ་རེད།
    སུང་ཧྲུའུ་ལིས་ངོ་སྤྲོད་བྱས་དོན། ཕྱོགས་གསུམ་པས་ཚོད་སྐོར་བྱས་པའི་མཇུག་འབྲས་ལས་མངོན་རྒྱུར། ནད་ཆེན་ཕོག་མཁན་གྱིས་དོན་དངོས་འགྲོ་སོང་རྩིས་ཞུ་བྱེད་ཚད་དེ་ཆ་སྙོམས་བརྒྱ་ཆ10ནས15བར་མཐོ་རུ་འཕར་བ་དང་ནད་ཆེན་ཕོག་མཁན་གྱི་ཁུར་པོ་སྔར་ལས་ཇེ་ཡང་དུ་གྱུར་ཏེ། གཞི་རྩའི་སྨན་བཅོས་ལམ་ལུགས་ཀྱི་འགན་སྲུང་ཕན་ནུས་སྔར་ལས་རྒྱ་ཆེར་ཕྱིན་པ་རེད། རྗེས་སུ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ནད་ཆེན་ཉེན་འགོག་གི་ལས་ཀར་སྐུལ་འདེད་མགྱོ གས་པོར་བཏང་ནས་ས་གནས་ཁག་གི་ལས་ཀ་འཕེལ་རིམ་ཐོབ་པའི་ཕན་འབྲས་དང་གནས་པའི་གནད་དོན་རྒྱུན་རིང་ལྡན་པའི་སྒོ་ནས་དབྱེ་གསེད་བྱས་ཤིང་། སྔར་ལྷག་གིས་འཐུས་ཚང་བཏང་བའི་སྲིད་ཇུས་ཞིབ་འཇུག་བྱས་ཡོད། ས་གནས་ཁག་གི་ནད་ཆེན་ཉེན་འགོག་གི་ལས་ཀར་ཚད་ལྡན་དང་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། 2015ལོར་ཁྱོན་ཡོངས་ནས་ནད་ཆེན་ཉེན་འགོག་གི་ལས་ཀ་སྤེལ་གང་ཐུབ་བྱ་རྒྱུ་ཡིན་པ་དང་གཞི་རྩའི་སྨན་བཅོས་ཉེན་འགོག་དང་ནད་ཆེན་ཉེན་འགོག སྨན་བཅོས་རོགས་སྐྱོབ་ཐད་ཀྱི་ཁ་གསབ་ཉེན་འགོག་བྱ་རྒྱུ་བཅས་བར་གྱི་མཐུད་སྦྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གཞུང་དང་སྤྱི་ཚོགས། མི་སྒེར་བཅས་མཉམ་དུ་ཞུགས་པར་བརྒྱུད། རིམ་པ་མང་པོ་ལྡན་པའི་སྨན་བཅོས་འགན་སྲུང་གི་མ་ལག་འཛུགས་པར་སྐུལ་འདེད་གཏང་རྒྱུ་རེད།། 
  • ལེ་ཚན་སྔོན་མ།:༢༠༡༤ལོར་ནུབ་རྒྱུད་གསར་སྦོལ་ནང་གཙོ་གནད་ཨར་ལས་རྣམ་གྲངས༣༣སྤེལ་འགོ་བཙུགས།
  • ལེ་ཚན་རྗེས་མ།: འགན་སྲུང་སྡོད་ཁང་གིས་མཚོ་སྔོན་གྱི་ཡོང་འབབ་དམའ་བའི་དུད་ཚང་ཁྲི24ལ་ཕན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།