ཁམས་པའི་བརྙན་འཕྲིན་དྲ་བ་ཕྱོགས་ཡོངས་ནས་ལེགས་བཅོས་རིམ་སྤར་བྱས།
                མཚོ་སྔོན་པོ་དྲ་བ།    2014-07-09
           
           
		   
          ཉེ་ལམ། ཁམས་པའི་བརྙན་འཕྲིན་དྲ་བ་ཕྱོགས་ཡོངས་ནས་ལེགས་བཅོས་རིམ་སྤར་བྱས་ཏེ་དངོས་སུ་ཤར་གཏོང་བྱས་ལ། ཁྱད་པར་དུ་སྐད་གཉིས་གློག་བརྙན་བརྙན་འཕྲིན་ཟློས་གར་དང་། བོད་ཁུལ་གྱི་དངོས་ཟིན་བརྙན་ཕབ། པར་རིས་བོད་སྟོན། བོད་ཀྱི་གླུ་གར། དྲ་ཐོག་ནས་སྐད་གཉིས་སློབ་སྦྱོང་། ཁམས་པའི་གླེང་སྟེགས་སོགས་ལེ་ཚན་སྤེལ་ནས་བོད་ཀྱི་རིག་གནས་ཀྱི་བརྙན་གཟུགས་སྨྱན་བྱད་སྟེགས་བུ་བསྐྲུན་པར་བརྩོན་པ་རེད།