སྐབས་བཅུ་གསུམ་པའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་དངོས་སུ་མགོ་བརྩམས།

        2014-07-09

སྐབས་བཅུ་གསུམ་པའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་དངོས་སུ་མགོ་བརྩམས།

     ཟླ7པའི་ཚེས5ཉིན་གྱི་དུས་ཚོད་བཅུའི་སྟེང་། སྐབས་བཅུ་གསུམ་པའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་མགོ་རྩོམ་པའི་མཛད་སྒོ་དེ་ཟི་ལིང་ཧེ་ཧུའུ་ས་ཁུལ་གསར་བའི་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་བརྩམས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཕེ་ཧྭ་མཛད་སྒོར་ཞུགས་ནས་མགོ་རྩོམ་མཚོན་རྟགས་མནན་ལ། ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཧོས་དང་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡའོ་ཨེ་ཨན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་འཐུས་མི་ཝང་བེ་སོགས་མཛད་སྒོར་ཞུགས། ལའོ་ཧོས་ཉིན་དང་ཧོ་ཕུན། རིན་ཆེན་རྒྱལ། ཝང་ཅན་ཅོན། ཅི་ཏིས་མཱ་ཅ། ཝང་ཞའོ་ཆིན། མུའུ་ཏུང་ཧྲིན། ཀྲང་ཅན་མེན། ངག་དབང་བསོད་ནམས། ཞའོ་ཡང་ཀྲུང་སོགས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་རྣམས་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་མགོ་རྩོམ་མཛད་སྒོར་ཞུགས། ཧོ་ཕུན་དང་ཝང་བེ། བུའུ་པའོ་ཨན་བཅས་སོ་སོས་ཤིས་ཚིག་ཕུལ། ཀྲང་ཅན་མེན་གྱིས་མཛད་སྒོར་མདོ་འཛིན་གནང་།

     རྒྱལ་སྤྱིའི་ལྕགས་རྟ་མནའ་འབྲེལ་གྱི་ཀྲུའུ་ཞི་ལེ་ཨུན་ཁུའུ་ཁི་ཟིན་གྱིས་ཐེངས་འདིའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་མགོ་རྩོམ་མཛད་སྒོར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
     ཧོ་ཕུན་གྱིས་གསུང་རྒྱུར། ད་ལོའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་འདིར་འགྲན་ཞུགས་ལུས་རྩལ་པ་དང་འགྲན་སྡུར་གྱི་ལམ་ཐག་སྔར་ལས་ཇེ་མང་དུ་སོང་ཡོད་ལ། སྒོས་སུ་འགྲན་སྡུར་གྱི་ལམ་ཐག་དེ་མཛེས་སྡུག་གི་མཚོ་སྔོན་དཀྱིལ་སྙིང་བྱས་ནས་ཀན་སུའུ་ཡི་ལྷོ་ཕྱོགས་དང་ཤར་ཕྱོགས། ཉིན་ཞ་བཅས་ཞིང་ཆེན་གསུམ་གྱི་ས་གནས་ཀྱི་གཏིང་ཟབ་པའི་ལོ་རྒྱུས་དང་རིག་གནས། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གོམས་གཤིས་སོགས་བརྒྱུད་ནས་བཅོས་སྒྱུར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་དྲང་ཕྱོགས་ཀྱི་ནུས་པ་རྒྱུད་སྤེལ་བྱེད་པ་ཡིན་པས། སྤྱི་ཚོགས་ཀྱི་ཤན་ཤུགས་དང་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཚད་མངོན་གསལ་སྒོས་ཇེ་མཐོར་འགྲོ་ངེས།
     སྐབས་བཅུ་གསུམ་པའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་བྱེད་པའི་དུས་དང་བསྟུན་ནས་ཟི་ལིང་ས་ཁུལ་གྱི་མི་རྣམས་ཀྱིས་ཀྱང་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་མགོ་རྩོམ་མཛད་སྒོར་རེ་སྒུག་བྱེད་པ་དང་ཟི་ལིང་གྲོང་ཁྱེར་ལ་སྐོར་བ་བརྒྱབ་ནས་འགྲན་སྡུར་བྱེད་པར་རེ་སྒུག་བྱས། དེ་ནི་ད་སྐབས་ཟི་ལིང་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཆེས་དོ་སྣང་བྱེད་ཡུལ་ཡིན་ལ། ཟི་ལིང་གི་ག་ས་གང་དུ་ཡང་སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐོར་གྱི་སྦྱར་ཡིག་མཐོང་ཐུབ་པ་དེས་ཀྱང་འགྲན་སྡུར་ལ་གསོན་ཤུགས་གསར་བ་ཞིག་བསྣན་ཡོད།
     ཟླ7པའི་ཚེས6ཉིན་གྱི་དུས་ཚོད11:00སྟེང་ཟི་ལིང་གྲོང་ཁྱེར་ལ་སྐོར་བ་རྒྱག་པའི་འགྲན་སྡུར་དངོས་སུ་མགོ་བརྩམས།
  • ལེ་ཚན་སྔོན་མ།:ཁམས་པའི་བརྙན་འཕྲིན་དྲ་བ་ཕྱོགས་ཡོངས་ནས་ལེགས་བཅོས་རིམ་སྤར་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་མདའ་འཕེན་རུ་ཁག་དེ་རྒྱལ་ཡོངས་འགྲན་བསྡུར་ཁྲོད་ཨང་བརྒྱད་པར་ཟིན།
  • དོ་སྣང་ཆེ་བའི་རྩོམ།