བོད་ལྗོངས་ཀྱི་མདའ་འཕེན་རུ་ཁག་དེ་རྒྱལ་ཡོངས་འགྲན་བསྡུར་ཁྲོད་ཨང་བརྒྱད་པར་ཟིན།

    མཚོ་སྔོན་པོ་དྲ་བ།    2014-07-09

བོད་ལྗོངས་ཀྱི་མདའ་འཕེན་རུ་ཁག་དེ་རྒྱལ་ཡོངས་འགྲན་བསྡུར་ཁྲོད་ཨང་བརྒྱད་པར་ཟིན།

     ཉེ་སྔོན། དུས་ཡུན་ཉིན་ལྔའི2014ལོའི་རྒྱལ་ཡོངས་མདའ་འཕེན་ཨོ་རྩལ་རྣམ་གྲངས་ཀྱི་གཟེངས་ཐོན་འགྲན་བསྡུར་དེ་ནང་སོག་ཝུ་ལ་ཀེའུ་དོ་དམ་ས་ཁུལ་དུ་བདེ་བླག་ངང་མཇུག་སྒྲིལ་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར་དང་། རང་སྐྱོང་ལྗོངས)30ཡི་མདའ་རྩལ་པ288ཐེངས་འདིའི་འགྲན་བསྡུར་དུ་ཞུགས་ཡོད་པ་རེད།
     དེ་ཡང་བོད་རང་སྐྱོང་ལྗོངས་ནས་ཡོང་བའི་ཕོ་མོའི་རུ་ཁག་སོ་སོར་རུ་མི5རེ་ཐེངས་འདིའི་འགྲན་བསྡུར་དུ་ཞུགས་ཤིང་། རུ་མི་ཆོས་སྐྱིད་ཀྱིས་མི་སྒེར་གྱི་སྨི70ཡི་ཟུང་བསྐོར་དུ་ཨང་བརྒྱད་པ་བླངས་པ་མ་ཟད་རང་གི་རུ་མི་སྒྲོལ་མ་དང་མཚོ་མོ་གཉིས་དང་མཉམ་དུ་སྐྱེས་མའི་རུ་ཁག་གི་ཨང་བརྒྱད་པ་བླངས།
     རྒྱུས་ལོན་པ་ལྟར་ན། འདི་ནི་བོད་རང་སྐྱོང་ལྗོངས་མདའ་འཕེན་རུ་ཁག་གིས་ཉེ་བའི་ལོ་བཅུའི་ནང་ཐོག་དང་པོར་རྒྱལ་ཡོངས་འགྲན་བསྡུར་དུ་ཨང་བརྒྱད་པ་བླངས་ཏེ་མདའ་འཕེན་རྣམ་གྲངས་ཀྱི་གྲུབ་འབྲས་གསར་བ་བླངས་པ་རེད།

  • ལེ་ཚན་སྔོན་མ།:སྐབས་བཅུ་གསུམ་པའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་དངོས་སུ་མགོ་བརྩམས།
  • ལེ་ཚན་རྗེས་མ།:ལྷ་ས་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་དམངས་འཚོ་ལེགས་བཅོས་དཔེ་སྟོན་གྲོང་ཁྱེར་སོགས་ཀྱི་མཚན་སྙན་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།