ལྷ་ས་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་དམངས་འཚོ་ལེགས་བཅོས་དཔེ་སྟོན་གྲོང་ཁྱེར་སོགས་ཀྱི་མཚན་སྙན་ཐོབ་པ།

    མཚོ་སྔོན་གསར་འགྱུར་དྲ་བ།    2014-07-09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཕོངས་ས་ཁུལ་གྱི་སྤྱོད་ཡོན་གཉིས་ལྡན་གྱི་བྱིས་པ་རི་ཁུལ་ནས་བསྐྱོད་དེ། མིག་རྒྱ་དང་ཤེས་རྒྱ་བསྐྱེད་པ་དང་། སྔར་ལས་མང་བའི་དབུལ་ཕོངས་བྱིས་པའི་ཡར་ཐོན་ལྷུར་ལེན་དང་དཀའ་སྤྱད་འབད་བརྩོན་ལ་སྐུལ་མ་གཏོང་ཆེད། ཟླ7པའི་ཚེས5ཉིན། མཚོ་སྔོན་ཧོར་རིགས་བརྩེ་སེམས་རོགས་སྐྱོར་ཚོགས་པས་རྩ་འཛུགས་བྱས་པའི་མཚོ་སྔོན་རི་མ་ས་ཁུལ་གྱི་བྱིས་པ་པེ་ཅིན་དུ་བསྐྱོད་པའི་བརྩེ་སེམས་སྤྱི་ཕན་བྱ་འགུལ་དངོས་སུ་འགོ་བརྩམས།

རྒྱུས་ལོན་པ་ལྟར་ན། སྐོར་ཐོག་མའི་མཚོ་སྔོན་རི་མ་ས་ཁུལ་གྱི་བྱིས་པ་པེ་ཅིན་དུ་བསྐྱོད་པའི་བྱ་འགུལ་ནང་སློབ་མ12ཡོད་པ་དང་དུས་ཡུན་གཟའ་འཁོར་གཅིག་ཡིན་ལ། དེའི་རིང་བྱིས་པ་རྣམས་རྒྱལ་སའི་མཐོ་རིམ་སློབ་ཆེན་དང་མཐོ་རིམ་སློབ་ཆེན་སློབ་མའི་བར་བསམ་བློ་བརྗེ་རེས་བྱེད་པ། རྒྱལ་སའི་ཁྱད་ལྡན་ཁོར་ཡུག་ལ་རོལ་མྱོང་བྱས་ཏེ་བྱིས་པ་རྣམས་ལ་ཆུང་དུས་ནས་ཕུགས་བསམ་རྒྱ་ཆེན་པོ་འཛུགས་པར་སྐུལ་ལྕག་བྱེད་རྒྱུ་རེད། ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་དབུལ་ཕོངས་སློབ་མ་དག་ནི་གཙོ་བོ་མིན་ཧི་ཧེ་རིགས་རང་སྐྱོང་རྫོང་ཀོན་ཐིན་གྲོང་རྡལ་གྱི་ལྟེ་གནས་སློབ་ཆུང་དང་། ཀྲུང་ཁྲོན་ཤང་ལྟེ་གནས་སློབ་ཆུང་། ཞིན་ཨར་བོད་རིགས་ཤང་ལྟེ་གནས་སློབ་ཆུང་གི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཡིན།  །

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་མདའ་འཕེན་རུ་ཁག་དེ་རྒྱལ་ཡོངས་འགྲན་བསྡུར་ཁྲོད་ཨང་བརྒྱད་པར་ཟིན།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨེར་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།