ཞི་ཅིན་ཕིང་ཧྲུའུ་ཨེར་དུ་འབྱོར་ནས་ཧན་གོར་རྒྱལ་དོན་འཚམས་འདྲི་ཞུས།

གངས་སྐྱིད་ཀྱིས་བསྒྱུར།        2014-07-07

ཞིན་ཧྭ་གསར་འགྱུར་ཁང་ཧྲུའུ་ཨེར་ནས་ཟླ་བ7པའི་ཚེས3ཉིན་འབྱོར་བའི་གཏམ་གསར།   རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲུའུ་ཨེར་དུ་འབྱོར་ནས་ཧན་གོར་རྒྱལ་དོན་འཚམས་འདྲི་ཞུ་འགོ་ཚུགས་པ་རེད། 
      ཞི་ཅིན་ཕིང་གིས་གསུངས་རྒྱུར།  ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཕྱི་འབྲེལ་བཙུགས་ནས་ལོ22ཀྱི་རིང་ལ་ཕྱོགས་གཉིས་ཀས་ཐུན་མོང་དུ་འབད་བརྩོན་བྱས་འོག་ཀྲུང་གོ་དང་ཧན་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་བྱེད་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།  རྒྱལ་ཁབ་གཉིས་ལ་མིང་དོན་མཚུངས་པའི་ཁེ་ཕན་གྱི་ཐུན་མོང་རྩ་འཛུགས་ཆགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱལ་ཁབ་འབྲེལ་བ་འཕེལ་རྒྱས་གཏོང་སྟངས་ཀྱི་མིག་དཔེ་བྱས་ཡོད།  དེང་སྐབས་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འགོ་འཛུགས་ས་གསར་པའི་ཐོག་ལངས་ཡོད་པ་དེ་འཕེལ་རྒྱས་ཆེན་པོ་གཏོང་བའི་གོ་སྐབས་དང་འཕྲད་ཡོད་པས།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གསོན་ཤུགས་གསར་པ་སྣོན་རྒྱུ་ནི་ཕྱོགས་གཉིས་ཀའི་མདུན་དུ་གནས་པའི་ཐུན་མོང་གི་གྲོས་གཞི་བྱ་གཞི་ཞིག་ཡིན་ལ།  རང་གིས་ཐེངས་འདིར་འཚམས་འདྲི་ཞུ་སར་ཡོང་བའི་ལས་འགན་གཙོ་བོའང་ཡིན་པ་རེད།  
     ཞི་ཅིན་ཕིང་གིས་གསུངས་རྒྱུར།ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་ཡོང་བ་བྱས་ཏེ་ཕན་ཚུན་ཡིད་རྟོན་ཇེ་དྲག་ཏུ་གཏོང་དགོས་པ་དང་།  གཉིས་ཕན་མཉམ་ལས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁེ་ཕན་མཉམ་འདྲེས་ཡོང་བར་ཤུགས་སྣོན་རྒྱག་དགོས།   ཞི་བདེ་བརྟན་བརླིང་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་གི་ཁྱིམ་གཞིས་ལྟ་སྐྱོང་བྱེད་དགོས།   སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་བར་སྤེལ་རེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མཛའ་མཐུན་གྱི་ཟམ་པ་བཙུགས་དགོས་པ་བཅས་རེད།  རང་གི་ཕུའུ་ཅིན་ཧུའེ་ཙུང་ཐུང་དང་མཉམ་དུ་ཐུན་མོང་དུ་སེམས་ཁུར་བྱས་པའི་གནད་དོན་སྐོར་བསམ་འཆར་རྗེས་རེས་བྱ་རྒྱུ་དང་།  ཧན་གོའི་ལས་རིགས་སོ་སོའི་གྲོགས་པོ་དང་ཡོངས་ཁྱབ་ཏུ་འབྲེལ་གཏུག་བྱ་རྒྱུ།  ཕྱོགས་གཉིས་ཀས་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་ཆགས་པ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་སྒུལ་ཤུགས་གསར་པ་སྣོན་ཐུབ་པའི་ཡིད་ཆེས་ང་ལ་ཡོད།   རང་གིས་ཐེངས་འདིར་འཚམས་འདྲི་ཞུ་སྐབས་མཛའ་མཐུན་བགྲོས་གླེང་།  མཉམ་ལས་གྲོས་བསྡུར།   འཕེལ་རྒྱས་འཚོལ་ཞིབ།  ཞི་བདེ་འཚོ་སྲུང་བྱེད་པའི་འཚམས་འདྲི་ཞིག་ཡོང་བར་རེ་སྒྲུག་བྱེད་བཞིན་ཡོད།  ཀྲུང་གོ་དང་ཧན་གོའི་མཛའ་མཐུན་གྲུ་གཟིངས་དེ་གྲུ་གཡོར་བརྟེན་ནས་རླབས་གཤགས་མདུན་སྐྱོད་བྱེད་དུ་འཇུག་དགོས།
  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨན་པེ་སྲིད་གཞུང་གིས་ཐུན་མོང་རང་སྲུང་དབང་ཆ་བཀག་ལྷོད་བྱས་པར་རྒོལ་གཏམ་བཏང་།
  • ལེ་ཚན་རྗེས་མ།:ཁམས་པའི་བརྙན་འཕྲིན་དྲ་བ་ཕྱོགས་ཡོངས་ནས་ལེགས་བཅོས་རིམ་སྤར་བྱས།
  • དོ་སྣང་ཆེ་བའི་རྩོམ།