བོད་ལྗོངས་ཀྱིས་སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣ་གསོ་སྦྱོང་ལྟེ་གནས་བཙུགས་པ།

    ཞིན་ཧྭ་ད྄་བ།    2014-06-25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་པེ་ཅིན་སློབ་ཆེན་ཧྭའེ་ཧྥུན་ཚོང་ལས་སློབ་གླིང་གཉིས་ཀྱིས་མཉམ་འབྲེལ་ཐོག་བཙུགས་པའི་བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣ་གསོ་སྦྱོང་ལྟེ་གནས་ཟླ6པའི་ཚེས22ཉིན་ལྷ་ས་ནས་དངོས་སུ་སྒོ་བྱང་བཀལ། དེ་ལས་བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་སྣོན་རྒྱུ་རེད། 

དུས་ཡུན་རིང་པོའི་ཁྲོད། སྤྱི་དབང་མིན་པའི་དཔལ་འབྱོར་དེ་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་བ་གཙོ་བོ་བཏོན་ཡོད། ཡིན་ཡང་དོ་དམ་དང་། སྤུས་ཚད། ཚོང་རྟགས་སོགས་རྒྱུ་རྐྱེན་གང་མང་ཞིག་གིས་ཚོད་འཛིན་བྱས་པ་ལས། བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་བོད་ལྗོངས་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་ཚོང་རའི་འགྲན་རྩོད་ཁྲོད་ཞུགས་པའི་ནུས་བ་ཅུང་ཞན་པ་རེད།

གཞི་གྲངས་ལས་མཚོན་པ་ལྟར་ན། ན་ནིང་ལོ་མཇུག་བར་དུ། བོད་ལྗོངས་ཡོངས་སུ་སྤྱི་དབང་མིན་པའི་དཔལ་འབྱོར་གཉེར་མཁན་ཁྱིམ་ཚང་ཁྲི12.85ཡོད་པ་དང་། བོད་ལྗོངས་ཡོངས་ཀྱི་ཚོང་ར་གཙོ་བོའི95.5%ཟིན། མ་དངུལ་ཐོ་འགོད་བྱེད་ཚད་སྒོར་དུང་ཕྱུར695.05ལ་སླེབས་ཡོད་པ་དང་། ལྗོངས་ཡོངས་ཀྱི་ཐོ་འགོད་མ་དངུལ་སྤྱི་འབོར་གྱི53.63%ཟིན་ཡོད་པས། ལོ་བཅུ་ཡི་སྔོན་དང་བསྡུར་ན་ལྡབ་བཅུ་ལས་བརྒལ་བ་འཕར་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་ལོ་སྟོང་གི་ཕུ་རིའི་ཚད་ལྡན་ཡིག་ཆ་དེ་འཛམ་གླིང་ལ་ཐོག་མར་ཡོངས་བསྒྲགས་བྱ་རྒྱུ།
  • ལེ་ཚན་རྗེས་མ།:བོད་ཀྱི་ལོ་ངོ་སྟོང་གི“ཕུ་རིའི་ཡིག་ཚངས”ཐེངས་དང་པོ་འཛམ་གླིང་དུ་ཡོངས་བསྒྲགས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།