སྐབས་བཅུ་དྲུག་པའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀོང་ཀྲོའུ་ལ་མཇུག་བསྒྲིལ།

ལྷ་འཛོམས་ཀྱིས་བསྒྱུར།        2010-11-29

ཞིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་བ11པའི་ཚེས27ཉིན་འབྱོར་བའི་གཏམ་གསར།ཚེས26ཉིན་གྱི་དགོང་མོའི་ཆུ་ཚོད8པའི་ཐོག་སྐབས་བཅུ་དྲུག་པའི་ཡ་གླིང་ལུས་རྩལ་འགྲན་ཚོགས་དེ་ཀོང་ཀྲོའུ་ཧའེ་ཞིན་བྱེ་ཐང་དུ་གླུ་གཞས་ཟློས་གར་དང་རོལ་མོ་གླུ་གཞས་འདུ་འཛོམས་ཆེ་གྲས་ཀྱི་མཛད་སྒོ་སྤེལ་བའི་ཁྲོད་དུ་མཇུག་བསྒྲིལ་བ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།མཇུག་བསྒྲིལ་མཛད་སྒོའི་ནང་མི1500ལས་གྲུབ་པའི་གླུ་གཞས་མཉམ་གཏོང་རུ་ཁག་གིས་མཇུག་བསྒྲིལ་མཛད་སྒོ་མགོ་ནས་མཇུག་བར་འཁྲབ་སྟོན་བྱས་པ་རེད།ཧིམ་རྡུའི《སོ་གེ་ཉི》དང་འཇར་པན་གྱི《ཡིང་ཧ་མེ་ཏོག》།ཧ་ས་ཁེ་སི་ཐན་གྱི《མཛེས་སྡུག་ལྡན་པའི་ཅ་ནེ》སོགས་ཡ་གླིང་ས་ཁུལ་གྱི་རིག་གནས་མི་འདྲ་བ་མཚོན་པའི་གསུང་རབ་ཀྱི་གླུ་དབྱངས་སྣ8བདམས་ནས་གླུ་གར་འཁྲབ་སྟོན་བྱས་པ་རེད།མཚན་མོའི་ཆུ་ཚོད9དང་སྐར་མ42ལ་མེ་མཆོག་གཙོ་བོ་གསོད་རྗེས་སྐབས་རྗེས་མའི་ཡ་གླིང་ལུས་རྩལ་འགྲན་ཚོགས་གཉེར་མཁན་ཧན་གོའི་རེན་ཁྲོན་གྲོང་ཁྱེར་གྱི་འཐུས་མིས་ཡ་ཨའོ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་དར་བརྒྱུད་ལེན་བྱས་ནས་ཧན་གོའི་བྱིས་པ་དང་གླུ་པ་གྲགས་ཅན་གྱིས་མཉམ་དུ་གླུ་ལེན་ཏེ་ལག་ནང་ལྒང་ཞུ་བཟུང་དེ་ཡ་གླིང་གི་ལུས་རྩལ་པར་སྐབས་རྗེས་མའི་ཡ་གླིང་ལུས་རྩལ་འགྲན་ཚོགས་སྤེལ་ཡུལ་རེན་ཁྲོན་དུ་བསུ་ནས་སོང་བ་རེད།
  • ལེ་ཚན་སྔོན་མ།:སྒོར་དུང་ཕྱུར་སྟོང་གིས་སི་ཁྲོན་ལྕགས་ལམ་ལས་གཞིའི་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར105གསར་སྣོན་བྱས་ནས་ཞིང་སྡེའི་འོས་འགན་སློབ་གསོར་རྒྱབ་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།