མཚོ་སྔོན་པོ་དྲ་བ། 2014-04-02
ཉེ་ལམ། བོད་ཀྱི་གསོ་རིག་ཐང་གའི་བརྩམས་ཆོས་འགྲེམ་སྟོན་དེ་པེ་ཅིང་དུ་སྤེལ་ཞིང་། དེར་བོད་ཀྱི་གསོ་རིག་དང་འབྲེལ་བའི་ཐང་གའི་བརྩམས་ཆོས80བཀྲམ་པར་བརྒྱུད་གཟིགས་མོ་བ་རྣམས་ཀྱི་ཡིད་ངོར་བོད་ཀྱི་གསོ་རིག་ཐད་ནས་བག་ཆགས་ཅུང་ཙམ་བཞག
བོད་ཀྱི་གསོ་རིག་ཐང་གའི་བརྩམས་ཆོས80རུ་རྣམ་པ་མི་འདྲ་བའི་དཔེ་རིས4900འདུས་ཤིང་། དེ་དག་ནི་བོད་ཀྱི་གསོ་རིག་གི་རྨང་གཞི་སྟེ་དུས་རབས་བརྒྱུད་པའི་ནང་གཡུ་ཐོག་ཡོན་ཏན་མགོན་པོས(སྤྱི་ལོ708-835)བརྩམས་པའི་བོད་ཀྱི་གསོ་རིག་རྒྱུད་བཞི་ཡིན།
འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་བཞིའི་གྲས་ཤིག་ཡིན་པའི་ཆ་ནས། བོད་ཀྱི་གསོ་རིག་དེ་དུས་རབས་བདུན་པའི་ནང་མདོ་དབུས་མཐོ་སྒང་དུ་འབྱུང་རྩ་རྒྱས་ཤིང་གངས་ལྗོངས་ཀྱི་ཁྱད་ནོར་དུ་གྲགས། དེ་ནི་གསོ་བཅོས་ཀྱི་ཐད་ནས་ཐུན་མོང་མ་ཡིན་པའི་གསོ་རིག་མ་ལག་ཅིག་ཏུ་གྲུབ་ཡོད་པར་མ་ཟད། བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།
ཚེ་རིང་རྟ་མགྲིན་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡིན་ཞིང་རིག་དངོས་འཚོལ་སྡུད་དང་ཡིག་གཟུགས་སོགས་ལ་མོས་པ་ཆེ་བའི་མི་ཞིག་ཡིན། པེ་ཅིང་དུ་ཐང་གའི་བརྩམས་ཆོས100ལྷག་བཀྲམ་མྱོང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10