ཀྲུང་གོའི་བོད་ལྗོངས་དུས་དེབ་ཀྱི་ལས་དོན་ཚོགས་འདུ་ཀྲུའུ་ཧའེ་རུ་འཚོགས་པ།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས།        2010-11-23

ཀྲུང་གོའི་བོད་ལྗོངས་དུས་དེབ་ཀྱི་ལས་དོན་ཚོགས་འདུ་ཀྲུའུ་ཧའེ་རུ་འཚོགས་པ།
 

དེ་རིང་སྔ་དྲོར་(ཟླ་བ་༡༡པའི་ཚེས་༢༢ཉིན་)ཀྲུང་གོའི་བོད་ལྗོངས་དུས་དེབ་ཀྱི་ལས་དོན་ཚོགས་འདུ་དེ་ཀང་ཏུང་ཞིང་ཆེན་ཀྲུའུ་ཧའེ་རུ་འཚོགས་པ་རེད།གྲོས་ཚོགས་ཐོག་བོད་ལྗོངས་དང་མཚོ་སྔོན།སི་ཁྲོན་དང་པེ་ཅིང་སོགས་ཀྱི་བོད་རིག་ཀྱི་ཆེད་མཁས་པ་དང་རྩོམ་པ་པོ་སུམ་ཅུ་ལྷག་གྲོས་ཚོགས་ནང་ཞུགས་ཡོད།  ཀྲུང་གོའི་བོད་ལྗོངས་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀྲུའུ་ཞའོ་མིང་གིས་ལོ་ཉི་ཤུའི་རིང་དུ་ཀྲུང་གོའི་བོད་ལྗོངས་དུས་དེབ་ཀྱི་ལམ་བུ་ལ་ཕྱི་མིག་བལྟས་པ་དང་མ་འོངས་པའི་དུས་དེབ་སྤེལ་ཕྱོགས་ཐད་ཀྱི་བསམ་ཚུལ་བཏོན་པ་རེད།  ཚོགས་ཞུགས་མཁས་དབང་ཚོས་རྒྱ་བོད་དབྱིན་གསུམ་གྱི་ཀྲུང་གོའི་བོད་ལྗོངས་དུས་དེབ་གཉེར་སྟངས་ཐད་བསམ་འཆར་བཏོན་པ་རེད།
 

  • ལེ་ཚན་སྔོན་མ།:རང་རྒྱལ་ལ་བསྡོམས་པས་མི་རིགས་སྨན་ཁང91ཡོད།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱེད་ཐབས16བླངས་ནས་ཟོག་གོང་བརྟན་བརླིང་བྱས།
  • དོ་སྣང་ཆེ་བའི་རྩོམ།