རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱེད་ཐབས16བླངས་ནས་ཟོག་གོང་བརྟན་བརླིང་བྱས།

(ཡེ་ཤེས་མགོན་པོས་བསྒྱུར།)        2010-11-23

ཞིན་ཧྭ་གསར་འགྱུར་ཁང་གློག་ཀླད་དྲ་སྦྲེལ་ནས་ཟླ་བ11པའི་ཚེས22ཉིན་འབྱོར་བའི་གཏམ་གསར།ཀྲུང་དབྱང་སྲིད་གཞུང་གིས་ཕྱོགས་ཁག16དང་འབྲེལ་བ་ཡོད་པའི་བྱེད་ཐབས་བླངས་ནས་ཞིང་ལས་ཐོན་རྫས་འདོན་སྤྲོད་དང་འཁོར་རྒྱུག་གི་མ་རྩ་དམའ་རུ་གཏོང་བ་རེད།
ཉེ་ཆར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིང་ཝུན་ཅ་པའོ་ཡིས་ཟོག་གོང་འཕར་བར་ཁ་གཏད་འཇལ་ཡས་ཀྱི་བྱེད་ཐབས་ཕྱིར་བསྒྲགས་བྱས་པ་རེད།ཚེས21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་འཛད་སྤྱོད་རིན་གོང་གི་སྤྱི་ཆུ་ཚད་བརྟན་པོ་བྱས་ཏེ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱ་རྒྱུ་སྐོར་གྱི་བརྡ་ཐོ་བཏང་བ་རེད།
ཐེངས་འདིར་ཀྲུང་དབྱང་སྲིད་གཞུང་གིས་ཟོག་གོང་བརྟན་བརླིང་དང་ཡོང་འབབ་དམའ་འབྲིང་ཚོགས་པའི་གཞི་རྩའི་འཚོ་བ་འགན་སྲུང་བྱ་རྒྱུའི་བྱེད་ཐབས་དེ་ཕྱོགས16གི་ཐད་འབྲེལ་བ་ཡོད་ཅིང་།ཟོག་གོང་བརྟན་བརླིང་བྱ་རྒྱུ་དེ་གཙོ་བོ་ཞིང་ལས་ཐོན་རྫས་འདོན་སྤྲོད་འགན་སྲུང་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག་བྱེད་ཡས་ཀྱི་མ་རྩ་དམའ་རུ་གཏོང་རྒྱུ།དེ་བཞིན་དུ་རིན་གོང་ལ་ལྟ་སྐུལ་བྱ་རྒྱུའི་ཕྱོགས་ནས་འགོ་ཚུགས་པས་མ་ཚད།ཤ་ཚལ་སྒོང་གསུམ་ཚོང་ར་འགོ་ཁྲིད་གཙོ་བོས་འགན་ཁུར་རྒྱུའི་འགན་འཁྲི་ལམ་ལུགས་བསྐྱར་བསྒྲགས་བྱ་རྒྱུ་རེད།
 

  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་ལྗོངས་དུས་དེབ་ཀྱི་ལས་དོན་ཚོགས་འདུ་ཀྲུའུ་ཧའེ་རུ་འཚོགས་པ།
  • ལེ་ཚན་རྗེས་མ།:དར་མདོ་རྫོང་གི་འབྲོག་པ་དུད་ཚང་375གཞིས་ཆགས་པ།
  • དོ་སྣང་ཆེ་བའི་རྩོམ།