2010ལོའི་སི་ཁྲོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་ཀྱི་འཛུགས་སྐྲུན་རྣམ་གྲངས་འཕེལ་རིམ་བདེ་བླག་ཡིན་པ།

( ཡེ་མིང་དང་ཐུབ་བསྟན་གྱིས་བསྒྱུར།)        2010-11-09

2010ལོའི་སི་ཁྲོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་ཀྱི་འཛུགས་སྐྲུན་རྣམ་གྲངས་འཕེལ་ར2010ལོའི་སི་ཁྲོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་ཀྱི་འཛུགས་སྐྲུན་རྣམ་གྲངས་འཕེལ་ར

གནད་བསྡུས།ད་ལོར་ཀྲུང་དབྱང་གི་ཐེངས་ལྔ་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་དང་སི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་རྗེས།སི་ཁྲོན་ཞིང་ཆེན་ཏང་ཨུས“གཙོ་ཕྱོགས་གཅིག་དང་ཤུགས་སྣོན་གསུམ”གྱི་བོད་ཁུལ་གྱི་སྤྱིའི་ལས་ཀའི་བསམ་ཕྱོགས་ལྟར།2010ལོར་རང་རེའི་ཞིང་ཆེན་གྱི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་འཛུགས་སྐྲུན་གྱི་རྣམ་གྲངས104ལས་འགོ་ཚུགས་རྒྱུའི་འཆར་གཞི་བཀོད་པ་རེད།མིག་སྔར2010ལོའི་བོད་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་འཛུགས་སྐྲུན་གྱི་རྣམ་གྲངས52ལས་འགོ་ཚུགས་པར་སྔོན་རྩིས་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར864.3གཏོང་རྒྱུ་ཡིན་ཞིང་།2010ལོར་མ་དངུལ་སྒོར་དུང་ཕྱུར109.9གཏོང་རྒྱུའི་ནང་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར72.8དང་ཞིང་ཆེན་རིམ་པའི་གཞོགས་འདེགས་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར11དང་།དེ་མིན་གྱི་གཏོང་འཇོག་སྒོར་དུང་ཕྱུར25.6ཡིན་པ་རེད།

ད་ལོར་ཀྲུང་དབྱང་གི་ཐེངས་ལྔ་པའི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་དང་སི་ཁྲོན་ཞིང་ཆེན་བོད་ཁུལ་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་རྗེས།སི་ཁྲོན་ཞིང་ཆེན་ཏང་ཨུས“གཙོ་ཕྱོགས་གཅིག་དང་ཤུགས་སྣོན་གསུམ”གྱི་བོད་ཁུལ་གྱི་སྤྱིའི་ལས་ཀའི་བསམ་ཕྱོགས་ལྟར།2010ལོར་རང་རེའི་ཞིང་ཆེན་གྱི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་འཛུགས་སྐྲུན་རྣམ་གྲངས104ལས་འགོ་ཚུགས་རྒྱུའི་འཆར་གཞི་བཀོད་པ་རེད།ཉེ་ཆར།སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་རྒྱུར།མིག་སྔར་རྣམ་གྲངས་འདི་དག་གི་འཕེལ་རིམ་བདེ་བླག་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།2010ལོར་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་བརྒལ་ལྟ་བུའི་འཕེལ་འཛུགས་སྐྲུན་ཐད་སྔོན་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1128.2གཏོང་རྒྱུའི་ནང2010ལོར་མ་དངུལ་སྒོར་དུང་ཕྱུར142.3ཡིན་པ་རེད།རྣམ་གྲངས104ཡི་ནང་འདུས་པའི་རྣམ་གྲངས་ནི།
དམངས་འཚོ་ལེགས་བཅོས་ཀྱི་རྣམ་གྲངས།གཙོ་བོ་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་བཅུའི་བྱ་སྤྱོད་འཆར་འགོད་དང་།དམངས་ཕྱུག་ཁམས་བདེའི་ལས་གྲྭ།བོད་ཁུལ་གྱི་དམངས་འཚོའི་ལས་གྲྭ་ཆེན་པོ་གསུམ(འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་དང་སྦྲ་གུར་ནང་གི་འཚོ་བ་གསར་པའི་བྱ་སྤྱོད།ལོ་དགུའི་འོས་འགན་སློབ་གསོའི་སྟེང་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་བསྣན་པའི་རིན་པ་མི་དགོས་པའི་སློབ་གསོ་འཆར་གཞི།འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི།)སོགས་རྣམ་གྲངས47འདུས་ཡོད།སྔོན་རྩིས་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར109.1གཏོང་རྒྱུའི་ནང2010ལོར་སྒོར་དུང་ཕྱུར63.7གཏོང་རྒྱུ་ཡིན་པ་རེད།དེའི་ནང་ཀྲུང་དབྱང་གིས་སྒོར་དུང་ཕྱུར37.8དང་ཞིང་ཆེན་རིམ་པའི་གཞོགས་འདེགས་གཏོང་འཇོག་སྒོར་དུང་ཕྱུར9.1དང་།དེ་མིན་གྱི་གཏོང་འཇོག་སྒོར16.8ཡོད་པ་རེད།
 གལ་ཆེའི་རྨང་གཞིའི་སྒྲིག་ཆས་རྣམ་གྲངས།གཙོ་བོ་ཁྲེན་ཏུའུ་ནས་ལན་ཀྲུའོ་བར་གྱི་ལྕགས་ལམ་དང་།ཁྲེན་ཏུའུ་ནས་དར་མདོའི་བར་གྱི་ལྕགས་ལམ།རྔ་བ་ས་ཁུལ་གྱི་དབྱིན་ཞུའུ་གྲོང་རྡལ་ནས་ཝུན་ཁྲོན་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ།རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག317པ་དང་ལམ་ཐིག318བཟོ་བཅོས་བྱ་རྒྱུའི་རྣམ་གྲངས།སྡེ་དགེ་རྫོང་མངའ་ཁོངས་ཀྱི་ཁྲོ་ལ་རི་བོའི་ཕུག་ལམ།དེ་བཞིན་དུ་ས་གནས་ཀྱི་གློག་དྲྭ་གཙོ་ཤོས་དང་ཆུ་བེད་སྒྲིག་ཆས་སོགས་གལ་ཆེའི་རྨང་གཞིའི་སྒྲིག་ཆས་རྣམ་གྲངས་གའཛུགས་སྐྲུན་བྱ་རྒྱུ་བསྡོམས་པས33འདུས་ཡོད་པ་རེད།སྔོན་རྩིས་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར975.1འཇོག་ཡོད།2010ལོར་མ་དངུལ་སྒོར་དུང་ཕྱུར57.9འཇོག་པའི་ནང་ནས་ཀྲུང་དབྱང་གིས་མ་འཇོག་སྒོར་དུང་ཕྱུང40.2དང་ཞིང་ཆེན་གྱིས་གཞོགས་འདེགས་གཏོང་འཇོག་སྒོར་དུང་ཕྱུར2.3དང་།དེ་མིན་གྱི་གཏོང་འཇོག་མ་དངུལ་སྒོར་དུང་ཕྱུར15.5ཡོད་པ་རེད།
     ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས།གཙོ་བོ་ནི་ཡུལ་སྐོར་ལྗོངས་རྒྱུ་དང་།གཏེར་རྫས།འཛུགས་སྐྲུན་རྒྱུ་ཆ།བོད་སྨན་ཐོན་ལས།ཞིང་འབྲོག་ཐོན་རྫས་ལས་སྣོན།ཚོང་ར་ཉོ་ཚོང་སོགས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་རྣམ་གྲངས་བསྡོམས་པས12འདུས་ཡོད་པཅིང་།སྔོན་རྩིས་བྱས་ན་གཏོང་འཇོག་བྱས་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར25.3ཡིན་ཞིང་།2010ལོར་མ་དངུལ་སྒོར་དུང་ཕྱུར2.5འཇོག་པའི་ནང་ནས་ཀྲུང་དབྱང་གིས་སྒོར་དུང་ཕྱུར0.7དང་ཞིང་ཆེན་གྱིས་གཞོགས་འདེགས་གཏོང་འཇོག་སྒོར་དུང་ཕྱུར0.1ཡིན་པ་རེད།དེ་མིན་གྱི་གཏོང་འཇོག་མ་དངུལ་སྒོར་དུང་ཕྱུར1.7ཡོད་པ་རེད།
     སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྣམ་གྲངས།གཙོ་བོ་ནི་ས་ཆུ་སྲུང་འཛིན་དང་།ཞིང་བསྐྱུར་ནགས་འཛུགས།ཕྱུགས་བསྐྱུར་རྩྭ་འདེབས།ས་གཤིས་གནོད་སྐྱོན་འགོག་བཅོས་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཛུགས་སྐྲུན་རྣམ་གྲངས་བསྡོམས་པས5འདུས་ཡོད།སྔོན་རྩིས་བྱས་ན་གཏོང་འཇོག་བྱས་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར13.7ཡིན་ཞིང་།2010ལོར་མ་དངུལ་སྒོར་དུང་ཕྱུར13.7འཇོག་པའི་ནང་ནས་ཀྲུང་དབྱང་གིས་སྒོར་དུང་ཕྱུང12.7དང་།ཞིང་ཆེན་གྱིས་གཞོགས་འདེགས་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར1.0 ཡོད་པ་རེད།
     རྣམ་གྲངས་གཞན་དག།རྣམ་གྲངས་གཞན་དག7ཡོད་པར་སྔོན་རྩིས་བྱས་ན་གཏོང་འཇོག་བྱས་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར5.1ཡིན་ཞིང་།2010ལོར་མ་དངུལ་སྒོར་དུང་ཕྱུར4.4འཇོག་པའི་ནང་ནས་ཀྲུང་དབྱང་གིས་སྒོར་དུང་ཕྱུང4.2དང་དེ་མིན་གཞན་དག་གིས་སྒོར་དུང་ཕྱུར0.2འཇོག་ཡོད་པ་རེད།
     མིག་སྔར2010ལོར་བོད་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་གཏོང་རྒྱུའི་འཛུགས་སྐྲུན་རྣམ་གྲངས་སྤེལ་འགོ་ཚུགས་ཏེ་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས52ཡོད།སྔོན་་རྩིས་བྱས་ན་གཏོང་འཇོག་བྱས་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར864.3 ཡིན་ཞིང་།2010ལོར་སྒོར་དུང་ཕྱུར109.9འཇོག་པའི་ནང་ནས་ཀྲུང་དབྱང་གིས་སྒོར་དུང་ཕྱུང72.8 དང་ཞིང་ཆེན་གྱིས་གཞོགས་འདེགས་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར11.5 དང་།དེ་མིན་གཞན་དག་གིས་འཇོག་པའི་མ་དངུལ་སྒོར་དུང་ཕྱུར25.6 ཡོད་པ་རེད།ལྷག་མ་ལུས་པའི་རྣམ་གྲངས52ནི་ལོ་འདིའི་ནང་ཚུད་དུ་སྤེལ་འགོ་ཚུགས་རྒྱུ་ཡིན་པ་རེད།


 

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅིང་ཝུན་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ལོ30ཡི་རིང་ལ་མཚོ་སྔོན་ཞིང་ཆེན་མི་རིགས་སློབ་དེབ་རྩོམ་སྒྱུར་ལྟེ་གནས་ཀྱིས་བོད་ཡིག་སློབ་དེབ་རིགས1700ལྷག་
  • དོ་སྣང་ཆེ་བའི་རྩོམ།