ཧུའུ་ཅིན་ཐའོ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅིང་ཝུན་ལ་མཇལ་འཕྲད་གནང་།

ཡེ་མིང་གིས་བསྒྱུར།        2010-11-04

ཧུའུ་ཅིན་ཐའོ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅིང་ཝུན་ལ་མཇལ་འཕྲད་གནང་།
 

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ༡༡པའི་ཚེས༡ཉིན་འབྱོར་བའི་གཏམ་གསར།གོང་ཚེས་ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་མི་དམངས་ཚོགས་ཁང་ཆེན་པོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅིང་ཝུན་ལ་མཇལ་འཕྲད་གནང་བ་རེད། ཧུའུ་ཅིན་ཐའོ་ཡིས་གསུངས་རྒྱུར།ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་དར་སྤེལ་དང་རྒྱབ་སྐྱོར།ལག་ལེན་བསྟར་བ་དང་།སེམས་ཐག་གཙང་བཅད་ཀྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག》གི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་དང་།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ནུས་པར་སྲུང་སྐྱོང་བྱས་པ་ཡིན།ཀྲུང་གོས་ཕྱིན་ཆད་ལའང་སྔོན་མ་ནང་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་དེ་བཞིན་དུ་དྲུང་ཡིག་ཆེན་མོའི་ལས་ཀར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ་ཡུན་རིང་ཞི་བདེ་དང་མཉམ་དུ་དར་རྒྱས་ཡོང་བའི་འཆམ་མཐུན་གྱི་འཛམ་གླིང་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན།  ཕན་ཅིང་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚབ་ཞུས་ནས་ཧྲང་ཧའེ་དངོས་མང་སྟོན་ཚོགས་རྒྱལ་ཁའི་ངང་གཉེར་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།ཁོང་གིས་གསུངས་རྒྱུར།འཛམ་གླིང་འདི་སའི་གོ་ལའི་རང་བཞིན་གྱི་འགྲན་སྡུར་ལ་ཁ་ཕྱོགས་བཞིན་པ་དང་།ཀྲུང་གོ་འཛམ་གླིང་གི་ཕྱོགས་སུ་འགྲོ་ནས་ཧུར་ཐག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ལ་ཞུགས་ཏེ་ལོ་སྟོང་གི་འཕེལ་རྒྱས་དམིགས་ཡུལ་མངོན་འགྱུར་དང་།བུད་མེད་དང་བྱིས་པ་སྲུང་སྐྱོང་།རྒྱུན་མཐུན་ངང་འཕེལ་རྒྱས་གཏོང་ཆོག་པར་སྐུལ་འདེད།ཞི་བདེ་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཁྱབ་ཁོངས་ནང་གལ་ཆེའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པར་བརྟེན།མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲུབ་མི་རྒྱལ་ཁབ་ཀྱི་བླ་ན་མེད་པའི་གཟེངས་བསྟོད་ཐོབ་པ་རེད། ཕན་ཅིང་ཝུན་གྱིས་གསུངས་རྒྱུར།ཀྲུང་གོས་སའི་གོ་ལ་ཧྲིལ་པོའི་དངུལ་རྩ་ཉམས་ཉེན་ལ་ཁ་གཏད་འཇལ་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པ་རེད།ཀྲུང་གོས་འཕེལ་རྒྱས་གནད་དོན་ཐག་གཅོད་བྱས་པར་སྐུལ་འདེད་གཏོང་བའི་ཐད་ནུས་པ་དེ་བས་ཆེན་པོ་འདོན་སྤེལ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
 

  • ལེ་ཚན་སྔོན་མ།:ཀྲུང་གོའི2010ལོའི་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་རྒྱལ་ཁའི་ངང་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:2010ལོའི་སི་ཁྲོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་ཀྱི་འཛུགས་སྐྲུན་རྣམ་གྲངས་འཕེལ་ར
  • དོ་སྣང་ཆེ་བའི་རྩོམ།